ཁམས་སྐྱེ་དགུ་མདོར་ས་ཡོམ་ཤུཌ་ཆེ་བརྒྱབ་པ།

རྒྱ་ནག་གི་གསར་འགོད་པ་ཁག་ཅིག་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། སྐྱེ་དགུ་མདོའི་གྲོང་ཁྱེར་གྱི་མི་མང་གི་ཁང་པ་བརྒྱ་ཆ་དགུ་བཅུ་ཙམ་ལ་གཏོར་སྐྱོན་ཐེབས་ཡོད་པ་དང། མི་མང་པོ་ལ་སྲོག་སྐྱོན་ཚབས་ཆེན་ཤོར་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་དང། erthquik in tibet 2ད་ལྟའི་ཆར་སྨན་ཁང་དུ་བསྐྱལ་བ་མང་པོ་བྱུང་ཡོད་ཀྱང། ཤི་སྐྱོན་བྱུང་བའི་གྲངས་ཚད་ཁ་གསལ་ཐོན་མེད་པ་རེད།
ཨ་རིའི་ས་གཤིས་བརྟག་དཔྱད་ལས་ཁུངས་ཀྱིས་ས་ཡོམ་རིམ་ཚད་༦་༩ ཡིན་པ་དང༌། ས་ཡོམ་རྒྱག་སའི་ལྟེ་གནས་དེ་བོད་ཁམས་ཆབ་མདོ་ས་ཁུལ་གྱི་བྱང་ཕྱོགས་སྤྱི་ལེ་༢༤༥ མཚམས་སུ་ཡིན་ཚུལ་འཁོད་འདུག  སྐབས་དེར་ཁང་པ་འགའ་རྡིབ་སྐྱོན་ཤོར་ཡོད་པའི་གནས་ཚུལ་ཤེས་རྟོགས་ཡོད་མཁན་གྱིས་བཤད་འདུག་ཀྱང་ད་བར་མི་ཚོགས་འདུས་སྡོད་མིན་པའི་ས་ཁུལ་དེར་མི་ཤི་སྐྱོན་སྐོར་གསལ་ཁ་མེད་པ་རེད། དེ་སྔོན་ཟི་ཁྲོན་ཞིང་ཆེན་ཟེར་བའི་ཁུལ་དུ་ཕྱི་ལོ་༢༠༠༨ ལོར་ས་ཡོམ་ཤུགས་ཚད་གྲངས་༧་༩ ཐེངས་གཅིག་གིས་མི་གྲངས་ཁྲི་དགུ་ཉེ་བར་ཤི་སྐྱོན་བྱུང་ཡོད་པ་རེད།
erthquik in tibet 3གཞན་ཡང་རྒྱ་ནག་ཚེ་ཧྭ་གསར་ཁང་ནས་གནས་ཚུལ་སྤེལ་གསལ་ལྟར་ན་ད་ནངས་ཞོགས་པ་ཆུ་ཚོད་༧་༤༩ ཐོག་ས་ཡོམ་བརྒྱབ་པ་དང། ཐའེ་ཝན་ཚེས་༡༤ འཁོད་པའི་གློག་འཕྲིན་དུ་གོང་མཚུངས་ཀྱི་དུས་ཚོད་ནང་ས་ཡོམ་བྱུང་བ་དང༌། གྲངས་ཚད་༧་༡ ཡིན་ཚུལ་གྱི་གནས་ཚུལ་མི་འདྲ་བའང་འཁོད་པ་མ་ཟད། ས་ཡོམ་རྒྱག་སའི་ལྟེ་གནས་ཀྱི་ཟབ་ཚད་སྤྱི་ལེ་༣༣ ཡིན་ཚུལ་བཀོད་འདུག ད་དུང་རྒྱ་ནག་ཤིན་ཧྭ་གསར་ཁང་གིས་རྒྱ་ནག་རྒྱལ་ཁབ་རིམ་པའི་ས་ཡོམ་སྡེ་ཚན་གྱི་དྲ་ཚིགས་ཀྱི་གསར་གནས་བརྒྱུད་བཀོད་བྱས་པ་ལྟར་ན། ས་ཡོམ་བརྒྱབ་སའི་ལྟེ་གནས་ནི་སའི་གོ་ལའི་བྱང་ཐིག་༣༣་༡ དང༌། ཤར་གྱི་མཚམས་ཐིག་༩༦་༧ གྱི་ས་ཡིན་ཚུལ་ཡང་འཁོད་ཡོད་པ་རེད།
ད་ལྟའི་ཆར་རྒྱ་ནག་གཞུང་གིས་མྱུར་སྐྱོབ་ཀྱི་གྲ་སྒྲིག་འཐུས་ཚང་བྱེད་བཞིན་ཡོད་ཚུལ་གསར་ལམ་ཁག་ཏུ་བརྗོད་ཡོད་པ་དང། གནོད་སྐྱོན་ཆེ་ཤོས་དེ་མི་མང་སྡོད་ཁང་སོགས་ལ་འཕྲད་ཡོད་པ་ལས། གཞུང་གི་ཁང་པ་སོགས་ལ་དེ་ཙམ་གྱིས་གནོད་སྐྱོན་ཐེབས་མེད་པའི་གནས་ཚུལ་འདུག།།

Share this:
༢༡ ཀློག་གྲངས།