རྒྱ་ནག་གི་སྲིད་བློན་གཞོན་པ་སྐྱེ་དགུ་ལ་འབྱོར་ཡོད་འདུག

དྲ་རྒྱ་དེའི་ཐོག་གནས་ཚུལ་འཁོད་དོན། “ས་ཡོམ་ཐེབས་ཁུལ་དུ་སོང་ནས་ཅང་འགོར་མེད་པའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པ་ཀོ་ཞིའུ་ཡོན་གྱིས་མཚོ་དོན་སྲུང་སྐར་ཁ་པར་ལ་བརྟེན་ནས་ཟི་ལིང་དུ་སྒུག་ཡོད་པའི་གསར་འགོད་པར་གསར་དུ་བསྒྲགས་དོན།    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའེ་ལིང་དབྱི་ལགས་ཞིང་ཨུའི་ཧྲུའུ་ཅི་ཆང་ཝེ་ཡི་ཕེབས་རོགས་འོག་ཏུ།   དེ་རིང་ཕྱི་དྲོའི་ཆུ་ཚོད༢༠ཡས་མས་སུ་སྐྱེ་དགུ་གྲོང་རྡལ་དུ་ཕེབས་ཤིང། འགོ་ཁྲིད་འཁོར་དང་བཅས་པས་གནོད་ཐེབས་མང་ཚོགས་ཁག་དང་པོ་མཐོང་མ་ཐག མྱུར་དུ་རླངས་འཁོར་ལས་མར་བབས་ནས་འཚམས་འདྲི་ཞུས་ཤིང་། གནས་ཚུལ་རྒྱུས་ལོན་གནང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།   གསར་འགོད་པ་མཚོ་སྔོན་ཞིང་ཨུའི་ཧྲུའུ་ཅི་ཆང་ཝེའི་ཆེད་སྤྱོད་གནམ་གྲུར་བསྡད་ ནས།   དེ་རིང་ཕྱི་དྲོའི་ཆུ་ཚོད་བཞི་དང་ཕྱེད་ཀའི་སྟེང་དུ་ཡུལ་ཤུལ་གནམ་གྲུ་ཐང་ལ་ སླེབས་རྗེས།   ཆང་ཝེ་ཡིས་གསར་འགོད་པའི་སྲུང་སྐར་ཁ་པར་ལ་བརྟེན་ནས་གནོད་ཐེབས་བཀོད་འདོམས་པུའུ་ལ་ཁ་པར་ཐེངས་དང་པོ་བཏང་ཞིང་།   དེ་ནས་གནམ་གྲུ་ཐང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའེ་ལིང་དབྱི་ལགས་བསུ་བར་སྒུག་པ་རེད། ཆུ་ཚོད༡༧དང་སྐར༠༨སྟེང་དུ་ཀྲུང་དབྱང་གི་འགོ་ཁྲིད་རྣམས་ཞིང་ཨུའི་ཧྲུའུ་ཅིའི་ཕེབས་རོགས་གནང་བར་བརྟེན་ནས་རྫོང་མཁར་མངའ་ཁུལ་དུ་ཕེབས་ཤིང་།   གནོད་སྐྱོབ་བཀོད་འདོམས་པུའུ་ལ་བསྐྱོད་ནས་སྙན་ཞུར་གསན་པ་དང་། གནོད་སྐྱོབ་གནས་ཚུལ་སྐོར་ལ་བཀོད་སྒྲིག་གང་ལེགས་གནང་བ་རེད་”ཅེས་འཁོད་འདུག
དྲ་རྒྱ་དེའི་ཐོག་“ཚེས ༡༤ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་ཡི་སྟེང་དུ།   མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་དེ་འཕྲལ་མཁོ་འདོན་གནང་བའི་སྲིང་བལ་གྱི་སྦྲ་གུར་དང་སྲིང་བལ་གྱི་ལྭ་རིང་སོགས་སྐོར་ཁག་དང་པོའི་གནོད་སྐྱོབ་དངོས་ཟོག་མཐའ་དག་གནོད་ཐེབས་ས་ཁུལ་དུ་སྐྱེལ་འགོ་ཚུགས་པ་རེད།   མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཀྲི་ཏི་ཡིས། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་རྫོང་དུ་ཚད་རིམ་༧.༡ ཅན་གྱི་ས་ཡོམ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དེ་འཕྲལ་《མཚོ་སྔོན་ཞིང་ཆེན་རང་བྱུང་གནོད་ཐེབས་རོགས་སྐྱོབ་མཁོ་བསྟུན་འཆར་འགོད》ཞེས་པ་ལག་བསྟར་བྱེད་འགོ་ཚུགས་ཤིང་།   རིམ་པ་དང་པོའི་ཚུལ་དུ་ལག་བསྟར་བྱས་སྟེ། སྡེ་ཁག་སོ་སོ་སྐུལ་སློང་གིས་གནོད་ཐེབས་ས་ཁུལ་དུ་སོང་ནས་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་ལས་དོན་ལེགས་པར་བསྒྲུབ་པར་ཡིན་ཞེས་ངོ་སྤྲོད་གནངས་བྱུང་།   དེང་སྐབས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་ས་ཡོམ་ཐེབས་ཁུལ་ལ་སྒོར་ཁྲི༡༠༠༠ཡི་གནོད་སྐྱོབ་མ་དངུལ་བཏང་ཞིང་།   སྲིང་བལ་སྦྲ་གུར་༥༠༠༠དང་སྲིང་བལ་ཉལ་ཐུལ་༡༠༠༠༠ སྲིང་བལ་ལྭ་རིང་༥༠༠༠ ཉེར་མཁོའི་གློག་སྒྲོན༢༠༠ འགྲུལ་བཞུད་ཉལ་ཁྲི༥༠བཅས་འཕྲལ་དུ་མཁོ་འདོན་གནང་ཡོད་པ་ རེད།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནོད་སྐྱོབ་དངོས་ཟོག་གསོག་འཇོག་ལྟེ་གནས་ནས་མཐོང་བ་ལྟར་ན། དངོས་ཟོག་སྐྱེལ་འགན་ཁུར་བའི་རླངས་འཁོར་ཆེན་པོའི་ནང་དུ་གནོད་སྐྱོབ་དངོས་ཟོག་གིས་ཡོངས་སུ་ཁེངས་ནས་འགྲུལ་སྐྱོད་བྱེད་པར་སྒུག་ཡོད། ལིའུ་ཀྲི་ཏི་ཡིས་འདི་སྐད། རླངས་འཁོར་འདི་དག་མཚན་ནས་མཚན་མཐུད་དེ་གནོད་ཐེབས་ས་ཁུལ་དུ་འགྲོ་རྒྱུ་ཡིན་པ་དང་། གལ་ཏེ་ལམ་གྱི་གནས་ཚུལ་རྒྱུན་ལྡན་ཡིན་ཚེ། ཚོད་དཔག་བྱས་ན་སང་ཉིན་ཕྱི་དྲོར་གནོད་ཐེབས་ས་ཁུལ་དུ་བསླེབ་རྒྱུ་རེད་ཅེས་བརྗོད་པ་རེད་”ཅེས་འཁོད་འདུག།།

Share this:
༨༢ ཀློག་གྲངས།