རྒྱ་ནག་གི་བོད་མིར་རྡུང་རྡེག་དང་འཇུ་བཟུང་།

ཟླ་འདིའི་ཚེས་༢༤ ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། གསེར་རྟ་རྫོང་གི་ཁྲོམ་གཞུང་དུ་རྒྱ་ནག་ཉེན་རྟོག་པས་བོད་མི་གང་བྱུང་འཛིན་བཟུང་དང་རྡུང་རྡེག་གཏོང་བཞིན་པའི་བརྙན་པར་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ཏུ་ཁྱབ་ཡོད་པ་དང་། འདི་གའི་གསར་འགོད་པས་འབྲེལ་ཡོད་ལ་གནས་འདྲི་བྱས་པར། ཟླ་འདིའི་ཚེས་༡༨ ཉིན་ཁམས་ཉག་རོང་ཡིན་པ་པདྨ་རྒྱལ་མཚན་གྱིས་དཀར་མཛེས་རྫོང་ཐོག་ཏུ་རང་སྲེག་རྒྱ་རྒོལ་བྱས་རྗེས། དེའི་ཉེ་འཁོར་གྱི་རྫོང་ཁག་ཅིག་གི་ནང་དམ་དྲག་ཆེ་རུ་བཏང་བ་དང་། མི་མང་འཇུ་བཟུང་བཀག་ཉར་བྱེད་ཀྱི་ཡོད་པའི་གནས་ཚུལ་འདུག

བརྙན་འཕྲིན་ཕྱི་ལ་ཁྱབ་པའི་དེའི་ནང་ཁྲོམ་གཞུང་དུ་རྒྱ་ནག་ཉེན་རྟོག་པའི་རླངས་ཁོར་ནང་ནས་སྒྲིག་ཆས་སྔོ་ནག་གྱོན་པའི་སྤྱི་བདེ་མི་སྣ་མང་པོས་བོད་མི་ཚོ་གང་བྱུང་དུ་འཇུ་བཟུང་དང་། ཉེན་རྟོག་པ་ལྔ་དྲུག་གིས་རུབ་རྡུང་བྱེད་ཞོར་བཙན་ཁྲིད་ཀྱིས་རླངས་འཁོར་ནང་བཞིན་ཡོད་པ་རེད།
ལོ་སྔོན་མ་ནས་གསེར་རྟ་རྫོང་གི་ཁོངས་ཀྱི་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་ཤག་གཏོར་བཤིག་དང་། གྲྭ་པ་དང་བཙུན་མ་མང་པོ་ཕྱིར་ཕུད་བྱས་དང་བྱེད་བཞིན་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༩༢ ཀློག་གྲངས།