ཨབ་གྷ་ནི་སི་ཐན་དུ་ས་ཡོམ་བརྒྱབ་འདུག

དེ་ཡང་ཟླ་འདིའི་ཚེས་༡༩ བྷི་བྷི་སིའི་གསར་འགོད་པས་ས་གནས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨབ་གྷ་ནི་སི་ཐན་གྱི་བྱང་ཕྱོགས་སུ་ཚེས་༡༨ རེས་གཟའ་ཉི་མའི་མཚན་དཀྱིལ་དུ། ས་ཡོམ་གྱི་ཤུགས་ཚད་༥་༧ ཅན་ཞིག་བརྒྱབ་ཡོད་པས། ཁྱིམ་མཚེས་རྒྱལ་ཁབ་ཨི་རྫི་བྷི་ཀི་ས་ཐན་དང་། ཏཱ་ཇི་ཀི་སི་ཐན་གཉིས་ཀྱི་ནང་དུ་ས་ཡོམ་གྱི་ཤུགས་རྐྱེན་སླེབས་ཡོད་འདུག
ད་ལྟའི་སྐབས་ཁང་ཁྱིམ་༣༠༠ ལྷག་ཙམ་འཐོར་ཞིག་དང།རྐྱེན་འདས་སུ་ཤོར་བ་མི་གྲངས་༧ རྨས་སྐྱོན་བྱུང་བ་མི་གྲངས་༧༠ ཙམ་ཤེས་རྟོགས་བྱུང་ཡོད་ཅིང། དེ་བཞིན་གཞུང་ལམ་སོགས་སུ་གས་སྐྱོན་དང་རི་བསྙིལ་པ་བཅས་ཀྱིས། སྒོ་ཟོག་སེམས་ཅན་བརྒྱ་ཕྲག་མང་པོ་ཤི་ཡོད་པ་དང། མྱུར་སྐྱོབ་རུ་ཁག་ས་ཡོམ་རྒྱག་ཡུལ་དུ་འགྲོ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

Share this:
༦༠ ཀློག་གྲངས།