སེམས་གསོའི་ཞུ་ཡིག

བསག་པའི་རྒྱུ་ནོར། བརྩིགས་པའི་མཁར་རྫོང༌། གཅེས་པའི་གཉེན་ཚན། བརྩེ་བའི་གྲོགས་པོ་གྲོགས་མོ་སོགས་མདོར་ན་ལུས་སྲོག་ལོངས་སྤྱོད་དང་བཅས་པར་མཚན་མོའི་རྨི་ལམ་ལྟ་བུ་བསམ་ཡུལ་འདས་པའི་གནས་ཚུལ་སྡུག་པོ་བྱུང་བ་ལ། བྱེས་འཁོད་མདོ་ཁམས་རྫ་ཆུ་ཁ་པའི་མི་དམངས་ཡོངས་ཀྱིས་མ་བསྐུལ་དྭང་བླངས་ཀྱི་སྒོ་ནས་མདོ་ཁམས་ཡུལ་ཤུལ་མི་དམངས་དང་མཉམ་དུ་གདུང་སེམས་མཉམ་བསྐྱེད་ཀྱི་མྱ་ངན་ཞུ་རྒྱུ་མ་ཟད། རྨས་སྐྱོན་ཕོག་པ་རྣམས་མྱུར་དུ་དྲག་བསྐྱེད་ཡོང་བ་དང་ཁྱད་པར་དུ་འདས་པོ་དེ་དག་རིགས་དྲུག་སྤྱི་དང་བྱེ་བྲག་ངན་སོང་གསུམ་གྱི་སྡུག་བསྔལ་ཡ་ང་བ་དག་ལས་མྱུར་དུ་གྲོལ་ཏེ་གནས་སྐབས་མངོན་མཐོའི་རྟེན་བཟང་དང་མཐར་ཐུག་ངེས་ལེགས་ཀྱི་གོ་འཕང་ཐོབ་པའི་ཆེད། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དགོན་སྡེ་ཁག་ལ་སྐྱབས་བསྔོའི་རྟེན་གང་འབྱོར་ཕུལ་ཏེ་གསོལ་འདེབས་དང་སྨོན་ལམ་རྒྱ་ཆེན་ཞུས་པའི་སེམས་གསོའི་ཞུ་ཡིག་ཏུ།། མདོ་ཁམས་རྫ་ཆུ་ཁ་པའི་སྤྱི་མཐུན་ཚོགས་པས་སྤྱི་ལོ་ ༢༠༡༠ ཟླ་བ་ ༤ ཚེས་པ་ ༡༧ ཉིན་རྡ་རམ་ས་ལ་ནས་ཕུལ།།

Share this:
༨༨ ཀློག་གྲངས།