རྒྱུད་སྟོད་གྲྭ་ཚང་གི་མཆོད་འབུལ་དང་ཞལ་འདེབས།

དེ་ཡང་ཟླ་འདིའི་ཚེས་༢༢ ཉིན་གྱི་སྔ་དྲོ་༧དཔལ་རྒྱལ་བ་ཀརྨ་པ་དབུ་བཞུགས་ཐོག དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་སྤྲུལ་མཁན་ལས་ཟུར་དང་གྲྭ་མང་འདུས་པ་རྒྱ་མཚོའི་དབུས་སུ། གྲྭ་ཚང་གི་དགེ་བསྐོས་གངས་དཀར་རིན་པོ་ཆེ་མཆོག་གིས་གསུང་སྒྲོན་གནང་བའི་ནང་། karmaba 22 aprilཁམས་སྐྱེ་རྒུ་མདོ་ཡུལ་ཤུལ་རྫོང་དུ་ས་ཡོམ་གྱི་གོད་ཆག་ཤུགས་ཆེན་བྱུང་ནས། བོད་མི་སྡོད་ཁང་བརྒྱ་ཆ་དགུ་བཅུ་ལྷག་ཞིག་རལ་དུ་གྱུར་ནས་མི་གྲངས་ཉིས་སྟོང་ལྷག་གི་རྩ་ཆེན་ཚེ་སྲོག་ཤོར་བ་དང། མི་ཁྲི་ཕྲག་མང་པོར་རྨས་སྐྱོན་ཕོག་པ། ཕ་མ་གྲོངས་ནས་དྭ་ཕྲུག་ལུས་པ། ནང་མི་རྩ་མེད་དུ་ཕྱིན་པ་སོགས་ཤིན་ཏུ་ཡིད་སྐྱོ་བའི་གནས་ཚུལ་བཅས་ལ་བརྟེན། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ནས་གདུང་སེམས་མཉམ་བསྐྱེད་ཆེད། གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་འབུལ་བཤམས་དང་འབྲེལ། ༧དཔལ་རྒྱལ་བ་ཀརྨ་པ་མཆོག་དང་གྲྭ་ཚང་འདི་ཉིད་ཀྱི་མཁན་བླ་ལས་ཟུར་བླ་སྤྲུལ་དགེ་བཤེས་སྤྱི་དང། ཡང་སྒོས་དེ་རིང་སྐྱབས་རྗེ་བློ་ཆོས་རིན་པོ་ཆེ་མཆོག་གིས་གྲྭ་ཚང་འདིར་གསུང་ཆོས་ཀྱི་གོ་སྐབས་དང་བསྟུན། ཕྱོགས་ཕེབས་འཕགས་ཚོགས་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་། དགེ་འདུན་པ་རེར་སྐུ་འགྱེད་སྒོར་༥༠ རེ་བཅས་སྐྱབས་བསྔོ་སྨོན་ཚོགས་གོ་སྒྲིག་ཞུས་པ་དང། ཤུལ་ལུས་སྤུན་ཟླ་རྨས་སྐྱོན་ཕོག་པ་སོགས་ལ་སྨན་བཅོས་དང་སྡོད་ཁང་གསར་སྐྲུན། འཚོ་གོས་སོགས་ཀྱི་ཆེད་དུ་གྲྭ་ཚང་ནས་ཞལ་འདེབས་སྒོར་༡༡༡༡༡༡ དང་། འདི་གའི་དགེ་འདུན་པ་རྣམས་ནས་ཞལ་འདེབས་བསྡུ་རུབ་ཞུས་པ་སྒོར་༤༥༠༠༠ ཡོད་པ་རྣམས། དྷ་ས་ས་གནས་འགོ་འཛིན་བརྒྱུད་ནས་ཡོད་པ་རེད།།

Share this:
༦༤ ཀློག་གྲངས།