བྱམས་དང་སྙིང་རྗེས་དམན་སར་གཟིགས་སྐྱོང་གནང་རོགས།

ཁོང་གིས་གསུང་དོན། “ཇོ་ནང་པར་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་བྱུང་ན། བསྟན་པ་ཡུན་གནས་ལ་དགོས་གལ་ཆེ་བ་དགོངས་ནས། དཔལ་ས་སྐྱ་གོང་མ་རྡོ་རྗེ་འཆང་དང། རྒྱལ་དབང་ཀརྨ་པ་རིན་པོ་ཆེ། དགའ་ལྡན་ཁྲི་རིན་པོ་ཆེ། སྨན་གླིང་ཁྲི་ཆེན་རིན་པོ་ཆེ། སྨན་རི་ཁྲི་འཛིན་རིན་པོ་ཆེ། དགེ་རྩེ་རིན་པོ་ཆེ། སྐྱབས་རྗེ་འཁྲུལ་ཞིག་རིནཔོ་ཆེ་བཅས་ཀྱིས་ཆོས་བརྒྱུད་གཅིག་གི་ཚབ་གནང་སྟེ། ཇོ་ནང་པའི་ཆོས་བརྒྱུད་ལ་ཐོབ་ཐང་གཅིག་མཚུངས་དགོས་པའི་རྒྱབ་སྐྱོར་གནང་བ་ནི་ང་ཚོ་རྗེས་འཇུག་པ་རྣམས་ཀྱང་ངོ་གནོང་མི་དགོས་པའི་རླབས་ཆེན་གྱི་མཛད་པ་ཞིག་ཀྱང་ཡིན་ལ། ༧གོང་ས་མཆོག་གིས་ཆོས་ལུགས་དང་ཆོས་བརྒྱུད་བར་མཐུན་སྒྲིལ་ཡོང་བའི་འབད་བརྩོན་གནང་བའི་འབྲས་བུ་ཞིག་ཀྱང་ཡིན། བོད་ནང་དུ་རྒྱ་ནག་གཞུང་གིས་ཇོ་ནང་པར་ཁྱེད་ཚོར་དཀའ་ངལ་ག་རེ་འདུག རྒྱབ་སྐྱོར་ག་རེ་དགོས་ཀྱི་འདུག རྒྱ་གར་ནང་དུ་དཀའ་ངལ་འདུག་གམ། བོད་ནང་ཇོ་ནང་པར་ཐོབ་ཐང་ཆ་ཚང་སྤྲད་པ་རེད་ཅེས་ཇོ་ནང་པར་སྐད་ཆ་དྲིས་འདུག ཡིན་ནའང་ཇོ་ནང་པ་ཚང་མས་དཀའ་ངལ་གང་ཡང་མི་འདུག་ཅེས་ལན་འདེབས་བྱས་འདུག ཁོང་ཚོས་ང་ཚོར་གཞུང་ཞིག་ཡོད་པ་དང། བློ་གཏོད་ས་ང་ཚོར་བྱེད་ཀྱི་ཡོད་པ་དེ་རླབས་ཆེན་ཞིག་རེད་”ཅེས་ཇོ་ནང་པའི་ཆོས་བརྒྱུད་འཛིན་སྐྱོང་དགོས་སྐོར་དང། སྤྱི་འཐུས་ཀྱིས་ཕུགས་རྒྱང་རིང་པོར་གཟིགས་ནས། སྤྱི་འཐུས་ཀྱི་གྲངས་ཀ་སྤོར་དགོས་སྐོར་སོགས་གསུངས་ཡོད་པ་རེད།།

jongang 1ཚོགས་པ་དེའི་སློབ་སྟོན་པ་དམ་ཆོས་དཔལ་བཟང་ལགས་ཀྱིས་མཛད་སྒོའི་ཐོག་ཡིག་ཐོག་ནས་གསུང་བཤད་ཅིག་གནང་བའི་ནང་འཁོད་དོན། “བཙན་བྱོལ་ནང་རྙིང་བཀའ་ས་དགེ་གྲུབ་མཐའ་བཞི་ཉམས་གསོ་གནང་སྟེ། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་སྒྲིག་འཛུགས་ཀྱི་ངོ་བོར་གནས། བློ་ཕམ་པ་ཞིག་ནི། སྐབས་དེར་ཇོ་ནང་གི་གྲུབ་མཐའ་འཛིན་མཁན་དཀོན་པོར་གྱུར་བར་བརྟེན་ཇོ་ནང་གི་སྐོར་གླེང་མཁན་མ་བྱུང་པ་ཡིན། དེར་བརྟེན་གཞན་སྟོང་གི་གྲུབ་མཐའ་འཛིན་པའི་ཇོ་ནང། ནང་པ་ཡིན་མིན་ལ་དོགས་པ་བྱེད་དགོས་པའི་གནས་སྟངས་ཆགས་ཡོད། ༡༩༩༧ ལོར་༧གོང་ས་སྐྱབས་མགོན་ཆེན་པོ་ཆོག་གིས། ཁལ་ཁ་རྗེ་བཙུན་རིན་པོ་ཆེའི་མཚན་ཐོག་ལ། སིམ་ལའི་དགོན་རྙིང་བ་སངས་རྒྱས་ཆོས་གླིང་སྩོལ་གནང་བྱུང་བ་དང། ༡༩༩༨ ལོར་གྲུབ་མཐའ་ནོ་ནང་གི་ཆོས་སྡེ་གསར་པ་གནས་དེར་བཙུགས་”ཞེས་འཁོད་འདུག

མུ་མཐུད་ཡིག་ཆ་དེའི་ནང་འཁོད་དོན། “ལག་གཉིས་ཐལ་མོ་སྦྱར་ནས། གུས་པས་གསོ་བ་འདེབས་པའི་སྙིང་པོ་ནི། བོད་གཞུང་བཀའ་སྤྱི་གཉིས་དང། འབྲེལ་ཡོད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཕྲ་ཀུན་གྱིས། ཐུགས་དགོངས་པས་མཐོ་གཟིགས་མི་གནང་པར་བྱམས་དང་སྙིང་རྗེས་དམན་སར་གཟིགས་སྐྱོང་གནང་སྟེ། ཇོ་ནང་གི་འགྲུབ་མཐའ་རང་རྐང་ཐོག་གི་ཆོས་རྒྱུན། བོད་ཕྱི་ནང་གི་དགོན་སྡེ་སྤྱི་མཚུངས་ཀྱི་ཐོབ་ཐང་ཆ་ཚང་ཞིག་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་དང་ཞུ་བཞིན་པ་ལ། ཕྲན་གྱིས་འདིར་ཕེབས་རྣམ་པ་ཚང་མས་རྒྱབ་སྐྱོར་གསུང་གནང་ཡོང་བའི་སྐྱབས་འཇུག་ཞུ་རྒྱུ་ཡིན་”ཞེས་སོགས་འཁོད་ཡོད་པ་རེད།

Share this:
༢༡ ཀློག་གྲངས།