དངུལ་ཆད་སྤྲོད་མ་ཐུབ་སྟབས་བཙོན་ཁང་དུ་བསྐྱལ་བ།

ཕྱི་མི་ཞིབ་བཤེར་ལས་ཁུངས་ཀྱིས་བོད་མི་དེ་དག་རེ་རེ་ནས་ཨ་སྒོར་༣༧ རེ་ཕྱི་སྐྱོད་ཐོངས་མཆན་གྱི་དོད་ལྟ་བུར་དངུལ་ཆད་འཇལ་དགོས་པར་བཤད་ཀྱང་དངུལ་ཆད་སྤྲོད་རྒྱུ་མེད་སྟབས། བཀག་ཉར་ཁང་ཞིག་ཏུ་རྩིས་སྤྲོད་བྱས་ཡོད་པ་རེད།
དེའི་སྐོར་བལ་ཡུལ་སྣེ་ལེན་ཁང་གི་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་ནོར་ཝེ་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བ་ལྟར་ན། དེ་སྔོན་ཡིན་ན་བལ་ཡུལ་གཞུང་དང་རྒྱལ་སྤྱིའི་སྐྱབས་བཅོལ་ལས་ཁུངས་གཉིས་ཀྱི་གན་རྒྱ་གཞིར་བཟུང་བོད་ནས་བལ་ཡུལ་དུ་ཡོང་མཁན་སྐྱབས་བཅོལ་བ་རྣམས་དངུལ་ཆད་གང་ཡང་མི་དགོས་པའི་ཐོག་ནས་ཕྱི་མི་ཞིབ་བཤེར་ལས་ཁུངས་སུ་རྩིས་སྤྲོད་བྱེད་ཆོག་གི་ཡོད་ཀྱང། དེ་རིང་ཁོ་ཚོས་དངུལ་ཆད་བཅད་འདུག་ཀྱང་དངུལ་ཆད་སྤྲོད་རྒྱུ་མེད་སྟབས་བཀག་ཉར་ཁང་དུ་བསྐྱལ་འདུག་ཅེས་བརྗོད་འདུག
སྤྱིར་བལ་ཡུལ་གྱི་ཁྲིམས་ལུགས་ལས་གསལ་བ་ལྟར་ན། དངུལ་ཆད་སྤྲོད་མ་ཐུབ་ཚེ་བཙོན་ཁང་དུ་སྡོད་དགོས་པ་དང། ཉིན་རེར་བལ་སྒོར་༢༥ རེ་བརྩིས་ནས་དངུལ་ཆད་ཀྱི་གྲངས་ཀ་མ་རྫོགས་བར་གློད་གྲོལ་གཏོང་གི་མེད་པ་རེད། དེའི་སྐོར་འབྲེལ་ཡོད་རྣམས་ཀྱིས་གལ་སྲིད་དངུལ་ཆད་དེ་དག་སྤྲད་པ་ཡིན་ཚེ། མ་འོངས་པར་སྐྱབས་བཅོལ་ཡོང་མཁན་རྣམས་དང། བལ་ཡུལ་སྣེ་ལེན་ཁང། རྒྱལ་སྤྱིའི་སྐྱབས་བཅོལ་ལས་ཁུངས་ཚང་མར་དཀའ་ངལ་འཕར་མ་ཞིག་འཕྲད་རྒྱུའི་སེམས་འཚབ་བྱེད་ཀྱི་ཡོད་པ་མ་ཟད། དངུལ་ཆད་གཅོད་པའི་ལུགས་སྲོལ་གསར་པ་དེར་གདོང་ལེན་ཇི་ལྟར་བྱེད་མིན་གྱི་དཀའ་ངལ་ཁྲོད་གནས་ཡོད་པ་རེད།།

Share this:
༡༧ ཀློག་གྲངས།