སྦས་པའི་བོད་ཅེས་པའི་དཔེ་དེབ་དབུ་འབྱེད།

དཔེ་དེབ་དབུ་འབྱེད་མཛད་སྒོའི་ཐོག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་དང། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང། ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད། དེ་བཞིན་དཔེ་དེབ་རྩོམ་པ་པོ་མཁས་དབང་ཀུ་རྫི་མན་ཆེད་ཕེབས་ཀྱིས་རིམ་པ་བཞིན། བཀའ་ཁྲི་མཆོག་དང། མཁས་དབང་ཀུ་རྫི་མན། speeching by  katriསྤྱི་འཐུས་ཚོགས་གཙོ་བཅས་ཀྱིས་གསུང་བཤད་གནང་བ་དང་། དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་མཇུག་མཐར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སོང། དཔེ་དེབ་དེའི་ནང་དོན་གཙོ་བོ་ནི་བོད་དེ་ཉིད་སྔར་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་དང། གཞན་ལས་ཁྱད་པར་བའི་ངོ་བོ་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པའི་ལོ་རྒྱུས་ཀྱི་དངོས་ཡོད་གནས་ཚུལ་དྲང་པོར་བརྗོད་ཡོད་པ་རེད། དཔེ་དེབ་དེར་ཤོག་གྲངས་༥༤༡ དང་དོན་ཚན་༡༢ འདྲ་པར་ཁག་༡༨༠ བཅས་འཁོད་ཡོད་པ་རེད། དཔེ་དེབ་དེ་ཉིད་པར་སྐྲུན་གྱི་སྦྱིན་བདག་ནི་ཨུ་རུ་སུའི་རྒྱལ་ས་མའོ་སི་ཁོའོ་རུ་ཡོད་པའི་བོད་སྐྱོབས་ཐེབས་རྩ་ཚོགས་པ་ཡིན་པ་དང། དཔེ་དེབ་དེ་ཉིད་ད་ལྟའི་ཆར་མའོ་སི་ཁོའོ་རུ་ཡོད་པའི་བོད་ཀྱི་རིག་གཞུང་དང་དྲིལ་བསྒྲགས་ལྟེ་གནས་ཀྱིས་དབྱིན་ཇིའི་སྐད་ཡིག་ཏུ་བསྒྱུར་བཞིན་པ་རེད་འདུག །

Share this:
༥༠ ཀློག་གྲངས།