དགེ་སྐུལ་གསལ་བསྒྲགས།

དེ་བཞིན་ཤ་ཁྲག་རུས་རྒྱུད་གཅིག་པའི་བྱེས་བཞུགས་སྤུན་ཟླ་རྣམས་ཀྱིས་རྐྱེན་ངན་བྱུང་བའི་ས་གནས་སུ་ཟས་གོས་མཐུན་རྐྱེན་དང་། སྨན་བཅོས་སོགས་གང་ཇིའི་རོགས་རམ་གནང་རྒྱུའི་ཆེད་དུ་ཞལ་འདེབས་ཕུལ་བའི་མི་དམངས་སྤྱི་མཚུངས་བཞིན། རང་ཁོངས་མི་དམངས་རྣམས་པས་ཀྱང་གང་ནུས་ཅི་ལྕོགས་ཀྱིས་ཞལ་འདེབས་བསྡུ་འབུལ་ཞུས་ཟིན་པས་མ་ཚད། ས་ཡོམ་ཀྱི་ཚབས་ཆེའི་རྐྱེན་ངན་འོག་འདས་གྲོངས་སོང་བའི་གཤིན་པོ་རྣམས་ཀྱི་ཆེད་དུ་སྦེལ་ཀོབ་ས་གནས་མདོ་ཁམས་ཆུ་སྒང་རྒྱུན་ལས་ཁང་ནས་སེ་ར་བླ་སྤྱི་དང་གྲྭ་ཚང་ཁག   རྣམ་གྲོལ་གླིང་གྲྭ་ཚང་དང་བཤད་གྲྭ   ས་དགོན་བརྩེ་ཆེན་ཆོས་འཁོར་གླིང་། བཀྲ་ཤིས་ལྷུན་པོ། འབྲུ་གུང་བཀའ་བརྒྱུད་དགོན། ཀརྨ་བཀའ་བརྒྱུད་དགོན། འབྲུག་པ་བཀའ་བརྒྱུད་དགོན། སྔགས་དགོན་པདྨ་ཆོས་གླིང་བཅས་སུ་བསྔོ་སྨོན་སྐྱབས་འཇུག་སྨིན་ངེས་ཞུས་ཡོད་ཅེས་ཞུ་རྒྱུ་དང་། རང་ཁོངས་མདོ་ཁམས་མི་མང་སེར་སྐྱ་ཚང་མས་ནང་པ་སངས་རྒྱས་པའི་ཐུན་མོང་མ་ཡིན་པའི་གཞན་ཕན་གྱི་ཀུན་སློང་བཟང་པོ་དང་། བྱམས་དང་སྙིང་རྗེའི་སེམས་བསྐྱེད་བཟང་པོའི་སྒོ་ནས་ད་ལམ་གྱི་ས་ཡོམ་གོད་ཆག་འོག་རྐྱེན་འདས་སུ་སོང་པའི་མི་ཟོག་སེམས་ཅན་རྣམས་ཀྱིས་གཙོ་བྱས་པའི་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ལྷག་བསམ་རྣམ་དག་གིས་མ་ཎི་ཡིག་དྲུག་དང་བཛྲ་གུ་རུ། སྐྱབས་འགྲོ་བགྲངས་གསོག་བྱེད་རྒྱུ་སོགས་དགེ་བའི་ལས་སུ་ཉིན་མཚན་དུས་དྲུག་ཀུན་ཏུ་སྐུ་ངལ་འཛེམས་མེད་ཀྱིས་འབད་འབུང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་བཅས།

སྦེལ་ཀོབ་ས་གནས་ཆུ་སྒང་རྒྱུན་ལས་ཁང་ནས་། ༢༠༡༠ ལོའི་ཟླ་ ༤ ཚེས་ ༢༥ཉིན།

Share this:
༤༨ ཀློག་གྲངས།