ལྡི་ལིར་བོད་རིགས་ནང་ཁུལ་མི་གསོད་ཀྱི་དོན་རྐྱེན།

ཟླ་འདིའི་ཚེས་༡༠ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རང་ལོ་ ༣༠ ལ་སོན་པའི་ཐུབ་བསྟན་དར་རྒྱས་ཀྱིས་བོར་བརླགས་ཤོར་བའི་ལག་ཐོགས་ཁ་པར་ཞིག  རང་ལོ་ ༢༣ ཅན་བཀྲིས་ཕུན་ཚོགས་ཀྱི་ལག་ཏུ་ཡོད་པའི་རྙོག་གླེང་བྱུང་ཡོད་པ་དང། དེ་དང་འབྲེལ་ནས་ཕན་ཚུལ་འཁྲུག་འཛིང་ཤོར་སྐབས། བཀྲིས་ཕུན་ཚོགས་ཀྱིས་ཐུབ་བསྟན་དར་རྒྱས་ལ་གྲི་བརྒྱབ་ནས་རྨས་སྐྱོན་ཚབས་ཆེན་བཏང་ཡོད་པས། གང་མགྱོགས་སྨན་ཁང་དུ་བསྐྱལ་ཡོད་རུང་ཟླ་འདིའི་ཚེས་༩ ཉིན་འདས་གྲོངས་སུ་ཕྱིན་ཡོད་པ་དང། ད་ལྟའི་ཆར་བཀྲིས་ཕུན་ཚོགས་ལྡི་ལི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། ད་ཐེངས་ཀྱི་བོད་རིགས་མི་གསོད་གྱོད་གཞི་འདི། ལོ་འདིའི་ནང་ལྡི་ལིར་ཐོན་པའི་བོད་རིགས་མི་གསོད་གྱོད་གཞི་གཉིས་པ་དེ་ཆགས་ཡོད་པ་རེད། ཐུབ་བསྟན་དར་རྒྱས་ལོ་འགའི་སྔོན་དུ་བོད་ནས་ཡོང་ཡོད་པ་དང། མ་སུ་རི་བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་བྱས་ཡོད་འདུག།

Share this:
༧༨ ཀློག་གྲངས།