རྒྱ་གར་གྱི་མི་འབོར་ཞིབ་བཤེར།

ཟླ་འདིའི་ཚེས་༧ ཉིན་རྒྱ་གར་མི་འབོར་ཞིབ་བཤེར་བ་སྐུ་ཞབས་སྦི་ཨར་ཆུ་ཧན་(B.R Chauhan)ལགས་ཀྱིས་(ANI) གསར་ཁང་ལ་བརྗོད་དོན། ང་ཚོ་ཏཱ་ལའི་བླ་མ་མཆོག་གི་སྐུ་མདུན་དུ་བཅར་སྐབས་ཁོང་གིས་སྤྲོ་བ་ཆེན་པོས་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་བཀང་གནང་བ་མ་ཟད། བོད་མི་ཚོས་མི་འབོར་ཞིབ་བཤེར་ནང་མཉམ་ཞུགས་གནང་ཚེ་དམིགས་བསལ་ངོ་སྤྲོད་ལག་འཁྱེར་(Unique Identity Card) རག་ངེས་ཡིན་ཞེས་བཀའ་བསྩལ་ཡོད་འདུག བཙན་བྱོལ་ནང་གནས་སྡོད་བོད་མི་ཚོ་རྒྱ་གར་གཞུང་ཕྱོགས་ནས་ཕྱི་ལོ་༢༠༡༡ ལོའི་མི་འབོར་ཞིབ་བཤེར་ནང་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་ཐེངས་དང་པོ་དེ་ཡིན་པ་རེད།།

Share this:
༤༠ ཀློག་གྲངས།