ཞལ་འདེབས་ཆེད་འཁྲབ་སྟོན།

ལག་ཁྱེར་བཙོང་པ་དང་ཞལ་འདེབས་སྡུབ་རུབ་སོགས་བྱས་ཏེ། ཁྱོན་ཧིན་སྒོར་༤༧༧༨༣ ལྷག་ཙམ་བྱུང་ཡོད་པ་རྣམས། ས་གནས་དེའི་གཞིས་ཆགས་ལས་ཁུངས་བརྒྱུད། དྷ་སར་ཆེད་འཛུགས་བྱས་ཡོད་པའི་ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་ལ་གཏོང་འཆར་ཡོད་འདུག

གཏམ་བརྒྱུད་དེ་ལ་མིང་༦་༩ བཏགས་དོན་ནི། སྐྱེ་རྒུར་དངོས་ཡོད་གནས་ཚུལ་ས་ཡོམ་ཤུགས་ཚད་༦་༩ བརྒྱབ་ཡོད་ནའང། རྒྱ་ནག་གཞུང་གིས་ས་ཡོམ་གྱི་ཤུགས་ཚད་༧་༡ བརྒྱབ་ཡོད་ཚུལ་འཁྱོག་བཤད་བྱས་པ་དེ། མི་མང་གིས་ཤེས་རྟོགས་ཡོང་ཆེད་དང། དེ་བཞིན་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་ཆེད་དུ་གཏམ་བརྒྱུད་ཀྱི་བརྗོད་བྱ་གཙོ་བོ་དངོས་ཡོད་གནས་ཚུལ་གང་ཡིན་མིན་དང། རྒྱ་ནག་གིས་འགྲེལ་བཤད་གང་རྒྱག་གི་ཡོད་མེད་བཅས་དམིགས་བཀར་བྱས་ཡོད་པས། མི་མང་གིས་དགའ་སྣང་ཆེན་པོས་འཛུལ་ཞུགས་བྱས་ཡོད་པ་རེད།།

Share this:
༤༥ ཀློག་གྲངས།