བགྲོ་གླེང་གསལ་བསྒྲགས།

དོགས་དཔྱོད། དོགས་སློང་སོགས་ཀྱི་སྒོ་ནས་བགྲོ་གླེང་གནང་གཏན་འཁེལ་བ་དང་། དེ་ཡང་རྗེའི་གསུང་ལས། ཐབས་གང་ཞིག་གི་འཕེལ་བ་འགྱུར་སྙམ་པའི། །རྣམ་པར་དཔྱོད་པའི་ཉིན་མཚན་འདའ་བ་ཤོག །ཅེས་སོགས་གསུངས་པ་ལྟར། བགྲོ་གླེང་འདི་ཉིད་སྒོ་གང་སར་ནས་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་རྣམས་ཡར་རྒྱས་ཡོང་ཆེད་ཁོ་ནར་དམིགས་བཞིན་ཡོད་ན་དེའི་སྐབས་སློབ་གཉེར་བ་གང་མང་ཕེབས་གནང་ཡོང་བ་ཞུ་རྒྱུ་མ་ཟད། དགོངས་འཆར་ལམ་སྟོན་དང་མཐུན་འགྱུར་རྒྱབ་སྐྱོར་གཡོ་ཟོལ་མེད་པ་ཡང་ཡང་གནང་བ་མཁྱེན་མཁྱེན་ཞུ། ལོ་ལྟར་བོད་གཞུང་སློབ་གྲྭ་གང་སར་ནས་སྦེལ་ཀོབ་གཞིས་ཆགས་སུ་དགུན་ཁའི་གུང་གསེང་དུ་ཕེབས་པ་རྣམས་ལ་དམིགས་ཏེ། ནང་ཆོས་དང་། སུམ་རྟགས་སོགས་སློབ་ཁྲིད་ཞུ་བཞིན་ན། འདིར་ཡང་མ་འོངས་བོད་ཀྱི་སོན་རྩ་སློབ་ཕྲུག་གང་མང་ཕེབས་གནང་ཡོད་བ་ཞུ།
སྦེལ་ཀོབ་གཉའ་ཁྲི་དཔེ་མཛོད་ཁང་ནས། འབྲེལ་བ་གནང་ཡུལ། ༨༠༥༠༢༢༡༧༣༢

Share this:
༧༧ ཀློག་གྲངས།