གལ་ཆེའི་གསལ་བསྒྲགས།

རྒྱ་གར་དང་བལ་ཡུལ་ཁུལ་རང་རེའི་དགོན་པ་གྲྭ་ཚང་ཁག་ནང་གོང་གསལ་བཞིན་ཧི་མཱ་ལ་ཡའི་རི་རྒྱུད་གཙོ་བོར་གྱུར་པའི་ཡུལ་མི་གསར་འཇུག་སྐབས་ཁྲིམས་དང་མཐུན་པའི་ཕྲུ་གུ་སོ་སོའི་ཕ་མས་ངོས་ལེན་ཡོད་པའི་ཡིག་ཆ་སོགས་ཇི་དགོས་སྔོན་ཚུད་ནས་འབྲེལ་ཡོད་སོ་སོས་དམ་དོན་ལེན་ཉར་གནང་གལ་དང་འབྲེལ། གནས་ཚུལ་འདིའི་ཐད་ལ་རྒྱ་གར་དབུས་གཞུང་ནས་ཞིབ་འཇུག་བྱེད་སྲིད་པས་དེ་ལུགས་དགོན་སྡེ་གྲྭ་ཚང་གི་དབུ་ལས་རྣམས་ནས་ཐུགས་སྣང་ཆེ་བསྐྱེད་གནང་སྐྱོང་ཡོང་བའི་གལ་ཆེའི་འབོད་སྐུལ་གསལ་བསྒྲགས་སུ།

བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ནས་༢༠༡༠ ཟླ་༥ ཚེས་ ༦ ལ།

Share this:
༤༠ ཀློག་གྲངས།