བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་གིས་གཟབ་གཟབ་བྱེད་དགོས་ཀྱི་ཡོད་འདུག

འབར་མའི་ནང་རུང་གྷེ་ཡ་ཁ་ཆེ་གྲངས་ཉུང་མི་རིགས་ལ་དྲག་གནོན་གྱི་རྩོད་རྙོག་འགྲོ་བཞིན་སྐབས། རྒྱ་གར་ནང་དུ་ཡོད་པའི་བཙན་བྱོལ་བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་དང་གྲྭ་བཙུན་རྣམས་ལ་གཟབ་གཟབ་བྱེད་དགོས་པའི་གནས་ཚུལ་ཞིག བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟཆོས་རིག་ལས་ཁུངས་ཀྱིས་ཛ་དྲག་གསལ་བསྒྲགས་སུ་སྤེལ་འདུག
དེ་ཡང་ཟླ་༩ པའི་ཚེས་༡༩ ཉིན་འཁོད་ཆོས་རིག་ལས་ཁུངས་ཀྱིས་སྤེལ་བའི་ཛ་དྲག་གསལ་བསྒྲགས་ནང་། བདེ་སྲུང་ལས་ཁུངས་ནས་ཕྱི་ལོ་༢༠༡༧ ཟླ་༩ པའི་ཚེས་༡༨ འཁོད་གནས་གནང་འབྱོར་ནང་གསལ། ཕྱི་ལོ་༢༠༡༣ ཟླ་༧ ཚེས་༧ ཉིན་ཞོགས་པ་ཆུ་ཚོད་༥།༡༥ ཙམ་ལ་གནས་ཆེན་རྡོ་རྗེ་གདན་གྱི་མཆོད་རྟེན་གྱི་ཕྱི་ནང་དུ་འབར་རྫས་འགས་ཐོར་གྱི་དོན་རྐྱེན་བྱུང་བ་ལྟར། ད་ཆ་འབར་མའི་ནང་དྲག་པོའི་རྩོད་རྙོག་རྐྱེན་པས་དོན་རྐྱེན་འབྱུང་མི་སྲིད་པ་ངེས་པ་མེད་སྟབས། ཁྱབ་ཁོངས་དགོན་སྡེ་ཁག་ལ་སྤྱང་གྲུང་དང་སྦི་གསང་དོད་པོ་གནང་དགོས་པའི་གསལ་བསྒྲགས་ཤིག་འཕྲལ་དུ་གཏོང་དགོས་ཞེས་གསལ་འདུག་པ་བཞིན། དགོན་སྡེ་ཁག་གི་ཕྱག་མཛོད་དང་ལས་སྣེ་རྣམས་ནས་རང་རང་ཁྱབ་ཁོངས་འདུ་ཁང་དང་། གྲྭ་ཚང་། གྲྭ་ཤག སློབ་ཁང་སོགས་ཀྱི་ཁང་ཁུངས་དང་ས་ཁྱོན་ནང་རྣམ་ཀུན་འབྲེལ་མེད་རྒྱུས་མེད་མི་སྣ་རིགས་དང་། ལྷག་པར་དྭོགས་ཡོད་ཅན་རིགས་འཛུལ་ཞུགས་མི་འབྱུང་བའི་དོ་ནན་གཟིགས་ཞིབ་ངེས་གནང་དང་། དེ་བཞིན་དགེ་འདུན་པ་རྣམས་ཕྱོགས་ཕེབས་སྐབས་ངེས་པར་སྤྱང་གྲུང་གནང་དགོས་ཀྱི་སློབ་གསོ་གནང་གལ་བཅས་ཕེབས་འདུག་པ་ན་དེ་ལུགས་དགོངས་འཇགས་ཞུ་བཅས་འཁོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Share this:
༢༧༡ ཀློག་གྲངས།