བཙན་བྱོལ་ནང་གི་གཞི་རྒྱ་ཆེ་བའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་འགོ་བཙུགས་པ།

བཙན་བྱོལ་གནས་ཡུལ་རྒྱལ་ཁབ་རྒྱ་གར་དང་བལ་ཡུལ་ནས་རུ་ཁག་མི་འདྲ་བ་བཅུ་གཉིས་མཉམ་ཞུགས་ཐོག ཊི་སྦི་ནད་གཞི་སྔོན་འགོག་གི་ལག་རྩེད་སྤོ་ལོའི་འགྲན་སྡུར་དྷ་སར་འགོ་བཙུགས་ཡོད་པ་རེད།

ཟླ་༩ པའི་ཚེས་༢༧ ཉིན་རྒྱ་གར་དྷ་ས་གངས་སྐྱིད་དུ་ཡོད་པའི་ལག་རྩེད་སྤོ་ལོའི་རྩེད་ཐང་དུ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག རྒྱ་གར་དང་བལ་ཡུལ་ཁུལ་ཀྱི་ས་གནས་ཁག་གི་རྩེ་ཕུད་རུ་ཁག་དབར། ཊི་སྦི་ནད་གཞི་སྔོན་འགོག་གི་ལག་རྩེད་སྤོ་ལོའི་འགྲན་བསྡུར་འགོ་བཙུགས་ཡོད་པ་རེད།

འགྲན་བསྡུར་དེའི་ནང་དྷ་ས་ཁུལ་ནས་རུ་ཁག་གསུམ་དང་། སྦིར་ནས་རུ་ཁག་གཅིག ལྷོ་ཕྱོགས་ནས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་དང་ལུགས་ཟུང་བསམ་གྲུབ་གླིང་ནས་རུ་ཁག་གཉིས། མོན་གྷོ་འདོད་རྒུ་གླིང་རུ་ཁག བྱང་ཤར་རུ་ཁག བལ་ཡུལ་སྤོག་ར་རུ་ཁག རྡེ་ར་རྡུན་ནས་དོན་གྲུབ་གླིང་གི་རུ་ཁག ལ་དྭགས་རུ་ཁག ལྡི་ལི་རུ་ཁག་བཅས་མཉམ་ཞུགས་བྱས་ཡོད་པ་རེད། རྩེད་འགྲན་དེ་ཟླ་༩ པའི་ཚེས་༢༧ ནས་ཟླ་༡༠ པའི་ཚེས་༢ བར་འཚོགས་རྒྱུ་ཡིན་པ་དང་། མཐའ་མའི་རྩེད་འགྲན་ཉིན་མ་གཏོགས་ཉིན་རེའི་རྩེད་འགྲན་རྣམས་སྔ་དྲོའི་ཆུ་ཚོད་༩ དང་ཕྱེད་ཀ་ནས་འགོ་བཙུགས་ཀྱི་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༢༥༥ ཀློག་གྲངས།