པཎ་ཆེན་སྐུ་དངོས་སྟོན་དགོས།

17-5-10belkab1སྐབས་དེར་ས་གནས་གཞོན་ལྷན་གྱི་ཚོགས་གཙོ་པདྨ་ཚེ་དབང་ལགས་ཀྱིས་རྒྱ་གཞུང་གིས་ད་བར་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡོད་པའི་ཡིད་ཆེས་འཕེལ་བ་དང་བདེན་དཔང་ལྡན་པའི་གནས་ཚུལ་གང་ཡང་བསྟན་མེད་པས། མྱུར་དུ་རྒྱ་གཞུང་གིས་བརྙན་འཕྲིན་བརྒྱུད་ལམ་སོགས་སུ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་དངོས་ཀྱི་གནས་ཚུལ་སྟོན་དགོས་ཀྱི་ཡོད་ཅེས་དང་། དེང་སྐབས་རྒྱ་གཞུང་གིས་མིང་བཏག་བྱས་པའི་པན་ཆེན་རྫུན་མ་སྐྱེ་རྒུའི་ས་ཡོམ་བྱུང་ཡུལ་སོགས་སུ་སོང་ནས་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་བརྗོད་སོང་། ཁོང་གིས་མུ་མཐུད་དུ་ང་ཚོས་༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་བོད་དོན་ཐོག་འབད་པ་ཧུར་བསྐྱེད་བྱེད་དགོས་ལ། སྐུ་འཚོ་མ་བཞུགས་པའི་གནས་སྐབས་ད་དུང་བོད་དོན་ཐག་གཅོད་མ་བྱུང་ན་ག་རེ་བྱེད་དགོས་མིན་གྱི་གྲ་སྒྲིག་དང་བསམ་བློ་ད་ལྟ་ནས་གཏོང་དགོས་ཞེས་གཏམ་བཤད་གནང་སོང་། དེ་རྗེས་སེར་སྐྱ་མི་མང་གིས་བསྔོ་སྨོན་ཟབ་རྒྱས་དང་མར་མེ་ཁྲོམ་སྐོར་བཅས་བྱས་ཡོད་པ་རེད། མེ་སོར་གསར་འགོད་པས།

Share this:
༡༥ ཀློག་གྲངས།