བཙན་གནོན་འོག་གི་བོད་ཀྱི་རྩོམ་པ་པོར་རྗེས་དྲན།

ཟླ་འདིའི་ཚེས་༡༥ ཉིན་ཏེ། རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་དང་སྟབས་བསྟུན། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས། དྷ་སའི་རི་སྒང་གི་ཤིང་ནག་གསེབ་ཏུ། ཤིང་ནག་ནང་གི་མཚན་མོའི་སྙན་ངག་འདུ་འཛོམས་ཞེས་པ་གོ་སྒྲིག་བྱས་ཏེ། བོད་ནང་གི་རྩོམ་པ་པོ་ཆབ་སྲིད་བཙོན་པ་ཚོར་རྗེས་དྲན་བྱས་ཡོད་པ་རེད།

བཙན་གནོན་འོག་གི་བོད་ཀྱི་རྩོམ་པ་པོར་རྗེས་དྲན་གྱི་འདུ་འཛོམས་དེའི་ཐོག བོད་པ་དང་རྒྱ་གར་བ། ཕྱི་རྒྱལ་རྒྱལ་ཁབ་འདྲ་མིན་གྱི་མི་སོགས་བརྒྱ་ལྷག་མཉམ་ཞུགས་བྱས་པ་དང་། ཤིང་ནགས་གསེབ་ཏུ་མེ་དཔུང་བཏང་ནས། སྙན་ངག་པ་དང་། གླུ་བ། ལས་འགུལ་བ་སོགས་ཀྱིས་སོ་སོའི་འདོད་མོས་ལྟར་སྐད་ཡིག་འདྲ་མིན་ཐོག་སྙན་ངག་སྒྲོགས་སྦྱང་དང་། གླུ་གཞས་གཏོང་བ་བཅས་བྱས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༦༨ ཀློག་གྲངས།