༄༅།    གསར་འགོད་པའི་ས་མིག་གསལ་བསྒྲགས།

༄༅། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ཁོངས་གསར་འགོད་པ་གཅིག་གསར་བསྡུ་ཞུ་རྒྱུ་ཡིན་པ་ལགས་ན། ཡིག་རྒྱུགས་ནང་ཞུགས་བློ་ཡོད་རིགས་ནས་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པའི་མཚན་ཐོག་ editor@vot.org ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༡ ཚེས་ ༡༢ ནང་ཚུད་སྙན་ཞུ་ཕུལ་འབྱོར་ཐུབ་པ་དགོས།

 

ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་ཁག

༡༽ བོད་མིའི་དང་བླངས་དཔྱ་ཁྲལ་ལག་དེབ་དང༌། སྐྱབས་བཅོལ་ལག་ཁྱེར་ RC ཡང་ན། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་གང་རུང༌དགོས།

༢༽ དབྱིན་བོད་ཤེས་ཚད་རང་སྐྱ་འཕེར་བ་དགོས།

༣༽ Bachelor’s Degree ཡང་ན། དེ་དང་མཚུངས་པའི་ལག་ཁྱེར་དགོས།

༤༽ གཟུགས་ཐང་ལས་འཕེར་ཡིན་པའི་སྨན་ཁང་གི་ངོས་སྦྱོར་དགོས། (ས་གནས་བོད་མིའི་འཕྲོད་བསྟེན་སྨན།)

༥༽ ལས་ཁུངས་གཞན་དུ་ལས་ཀ་བྱ་མུས་ཡིན་ཚེ། དགག་ཆ་མེད་པའི་རྒྱབ་གཉེར་ཡི་གེ་དགོས།

༦༽ བོད་ཕྱི་ནང་དང༌། རྒྱ་གར། རྒྱལ་སྤྱིའི་གནས་སྟངས་སོགས་ལ་གོ་རྟོགས་གང་ལེགས་ཡོད་པ

༧༽ གསར་འགོད་པར་འདེམས་ཐོན་བྱུང་ཚེ་ཟླ་དྲུག་རིང་ཚོད་ལྟ་དང༌། དེའི་རྗེས་རླུང་འཕྲིན་ཁང་དུ་ཉུང་མཐར་ལོ་གསུམ་རིང་ཕྱག་ལས་གནང་རྒྱུའི་འདུན་པ་ཡོད་པ།

 གསར་འགོད་ལས་རིགས་ཐོག་སློབ་སྦྱོང་ཐོན་པ་དང་ཉམས་མྱོང་ཡོད་མཁན་ཚོར་དམིགས་བསལ་དགོངས་བཞེས་གནང་རྒྱུ

 གོང་གསལ་ཆ་རྐྱེན་ཚང་མཁན་ཚོས་ཡིག་རྒྱུགས་ནང་ཞུགས་ཆེད། རང་ཉིད་ངོ་སྤྲོད་སྙིང་བསྡུས་འཁོད་པའི་སྙན་ཞུ་དང༌ལྷན་དགོས་ངེས་ཡིག་ཆ་ཁག་ལ་དག་མཆན་ཞུས་ནས་དུས་བཅད་ནང་ཚུད་ཕུལ་ཐུབ་པ་དགོས།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནས་ཕྱི་ལོ་༢༠༡༧ ཟླ་༡༢ ཚེས་ ༡༥ ལ།། http://www.vot.org

Share this:
༡༦༣ ཀློག་གྲངས།