མཚན་རྟགས་ཆིག་ཁྲི་བསྡུ་རུབ།

བོད་དོན་རྒྱབ་སྐྱོར་བ་དང་བོད་མའི་ཚོགས་སྡེ་ཁག་ལ་ལས་དོན་དེར་རྒྱབ་སྐྱོར་དང་ཤུགས་རྒྱག་དགོས་པའི་གསལ་བསྒྲགས་བྱས་འདུག
ཟླ་འདིའི་ ༡ སྟེ་སྐྱེ་རྒུ་མདོར་ས་ཡོམ་གོད་ཆག་བྱུང་ནས་ཞག་ཞེ་དགུའི་བདུན་ཚིགས་ཐ་མའི་ཉིན་དང་བསྟུན་ནས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་དཔལ་ལྡན་གྱིས།  ༧སྐྱབས་མགོན་རིན་པོ་ཆེ་སྐྱེ་རྒུ་མདོ་ས་ཁུལ་དུ་ཆོས་ཕྱོགས་རང་གི་ཐོག་ནས་བསྔོ་སྨོན་ཆེད་ཕེབས་གནང་མཛད་རྒྱུར་སྐྱེ་རྒུའི་མི་མང་གིས་ཧུའུ་ཅིན་ཐའོ་དང་ཝིན་ཅཱ་པའོ་གཉིས་ལ་རེ་སྐུལ་སྙན་ཞུ་ཕུལ་བ་དང་། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ཀྱང་ཁོང་ཕ་ཡུལ་མི་མང་གི་ཆེད་དུ་བསྔོ་སྨོན་ཆེད་ཕེབས་འདོད་ཡོད་པའི་ཐུགས་དགོངས་ལ་རྒྱབ་སྐྱོར་དང་། རྒྱ་ནག་གཞུང་གིས་དེ་ལ་མཐུན་འགྱུར་ཡོང་བའི་རེ་སྐུལ་ཆེད་དགེ་འདུན་པ་ཆིག་ཁྲི་གཅིག་སྟོང་བརྒྱ་དང་བཅོ་ལྔའི་མཚན་རྟགས་བསྡུ་རུབ་བྱས་པའི་སྙན་ཞུ་དེ་རྒྱ་ནག་གཞུང་ཚབ་ཁང་ལ་སྤྲད་ཡོད་པ་རེད། སྐབས་དེར་གསལ་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་“བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དབུ་ཁྲིད་མཐོ་ཤོས་ཀྱི་ངོས་ནས་རང་གི་དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་དད་མོས་ཀྱི་རེ་འདོད་སྐོང་བ་དང། ཉམས་ཐག་མི་མང་གི་དད་འདུན་གྱི་རེ་སྐུལ་རྡོག་རོལ་དུ་མི་འགྲོ་ཆེད་ཆོས་ཕྱོགས་རང་གི་ཐོག་ནས་བསྔོ་སྨོན་གནང་བར་ཕེབས་རྒྱུར་རྒྱ་ནག་གཞུང་དང།  རྒྱལ་སྤྱིའི་སྤྱི་ཚོགས།  ཆོས་ལུགས་ཀྱི་དབུ་ཁྲིད་བཅས་ནས་མཐུན་འགྱུར་ཡོང་ཕྱིར་ཆོས་བྱེད་དགེ་འདུན་པས་རེ་སྐུལ་ནན་པོ་ཞུ་བའི་ས་རྟགས།” ཞེས་འཁོད་ཡོད་པ་དང་། དེ་བཞིན་ཚོགས་གཙོས་ལས་དོན་འདིར་ངེས་པར་དུ་བོད་དོན་རྒྱབ་སྐྱོར་བ་རྣམས་པ་དང་བོད་མིའི་ཚོགས་སྡེ་ཁག་གིས་ཀྱང་ཤུགས་རྒྱག་དགོས་ཀྱི་འདུག དེ་མིན་བསྒུག་བསྡད་པ་ཙམ་གྱིས་གང་ཡང་ཕན་གྱི་མ་རེད། ང་ཚོས་ད་བར་དུ་རེ་བ་ཞིག་བརྒྱབ་ནས་བསྒུག་བསྡད་པ་རེད། གྲུབ་འབྲས་གང་ཡང་བྱུང་མེད་པ་ཤེས་གསལ་རེད། ཅེས་གསལ་བསྒྲགས་སྤེལ་ཡོད་པ་རེད། མེ་སོར་གསར་འགོད་པས།

Share this:
༥༨ ཀློག་གྲངས།