དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ ༢༠༡༠ ལོའི་སྒྱུར་རྩོམ་ཟབ་སྦྱོང་གི་གསལ་བསྒྲགས།

འདེམས་ཐོན་བྱུང་བའི་སློབ་མ་ཁག་ལས་གཤམ་འཁོད་ཆ་རྐྱེན་ཚང་མ་ཚང་བའི་བོད་ཕྲུག་ ༡༥ ལ་ཟབ་སྦྱོང་གི་དུས་ཡུན་རིང་སྡོད་ཁང་དང་ལྟོ་དོད་བོད་ཀྱི་དཔེ་མཛོད་ཁང་ནས་གོ་སྒྲིག་ཞུ་རྒྱུ་དང༌། དེ་མིན་སློབ་ཕྲུག་གྲངས་ ༡༥ ཡི་འདེམས་སྒྲུག་བྱེད་ཕྱོགས་དང་ཆ་རྐྱེན་ཁག་གི་ཞིབ་ཕྲའི་གནས་ཚུལ་འོག་ཏུ་འཁོད་པའི་དཔེ་མཛོད་ཀྱི་དྲ་རྒྱ་www.tibetanlibrary.org ནང་གཟིགས་རོགས།།    
དགོས་ངེས་ཆ་རྐྱེན་ཁག
དུས་བསྲིངས་བྱས་པའི་རྒྱ་གར་སྐྱབས་བཅོལ་ལག་དེབ་ཀྱི་འདྲ་བཤུས།
དཔྱ་ཁྲལ་དུས་ཐོག་ཕུལ་ཟིན་པའི་རང་དབང་ལག་དེབ་ལྗང་ཁུའི་འདྲ་བཤུས།
དེང་དུས་ཀྱི་རིག་གནས་རབ་འབྱམས་པའམ་བྷི་ཨེའི་ལག་ཁྱེར་རམ་དེ་དང་མཉམ་པའི་ལག་ཁྱེར་གྱི་འདྲ་བཤུས།
དམའ་མཐར་བོད་དབྱིན་གྱི་ཤེས་ཚད་དེང་དུས་འཛིན་རིམ་བཅུ་གཉིས་སམ་དེ་དང་མཉམ་པའི་སློབ་ཐོན་ཟིན་པའི་ལག་ཁྱེར་གྱི་འདྲ་བཤུས།
ད་ལྟ་ཚོགས་སྡེ་གང་རུང་གི་ལས་བྱེད་ཡིན་ཚེ་དགག་བྱ་མེད་པའི་ངོས་སྦྱོར།
རང་གི་སློབ་སྦྱོང་དང་ལས་ཀའི་ཉམས་མྱོང་གསལ་པོ་འཁོད་པའི་ལོ་རྒྱུས་བོད་ཡིག་དང་དབྱིན་ཡིག་གཉིས་ཀའི་ནང་ཚིག་འབྲུ་ ༣༠༠ ནས་ ༤༠༠ བར་ཟུར་སྦྱར་གནང་དགོས།།
འབྲེལ་ཡུལ་ཁ་བྱང༌།

The General Secretary
Library of Tibetan Works & Archives
Gangchen Kyishong
Dharamsala – 176215, HP, India
Email: office@ltwa.net

Share this:
༧༠ ཀློག་གྲངས།