ཁོན་སི་ལེན་ཊི་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་ནས་མུ་མཐུད་འགན་ཁུར་རྒྱུ།

ཟླ་འདིའི་ཚེས་༧ ཉིན་ཁོན་སི་ལེན་ཊི་བོད་རིགས་མཐུན་ཚོགས་ཀྱི་སྐབས་དྲུག་པའི་རྒྱུན་ལས་ཚང་མ་དགོངས་པ་ཞུས་པའི་གནས་ཚུལ་བྱུང་ཡོད་ནའང་། ཕྱི་ཚེ་༡༤ ཉིན་ཨོ་སི་ཊི་ལི་ཡའི་སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ཆེད་ཕེབས་ཀྱིས་མི་མང་ཚོགས་འདུ་བསྐོངས་ཏེ། ཚོགས་མིའི་མང་མོས་ཀྱིས་ཁོན་སི་ལེན་ཊི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོའི་སྐབས་སུ་གཏན་ལ་ཕབ་པའི་ཁོན་སི་ལེན་ཊི་བོད་རིག་མཐུན་ཚོགས་ཀྱི་རྩ་བའི་རྩ་དོན་བཞི་རྒྱུན་སྐྱོངས་དགོས་རྒྱུ་དང་། རྒྱུན་ལས་སྐབས་དྲུག་པ་རང་འཇགས་གནས་རྒྱུ་སོགས་ཐག་གཅོད་བྱུང་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༤༠༡ ཀློག་གྲངས།