འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་འགོ་འཛུགས་རྒྱུ།

རྐང་རྩེད་སྤོ་ལོའི་རྩེད་འགྲན་འགོ་འཛུགས་ཀྱི་མཛད་སྒོ་དེ་ཚེས་༡༠ ཡི་དགོང་མོར་ལྷོ་ཨ་ཧྥི་རི་ཁའི་རྒྱལ་ས་ཇཱོ་ཧ་ནི་སི་བྷག་ཏུ་ཡོད་པའི་ཨོ་ལན་ཌོ་རྩེད་ཐང་དུ་དངོས་སུ་འགོ་འཛུགས་རྒྱུ་ཡིན་པ་དང། མཛད་སྒོའི་ཐོག་འཛམ་གླིང་དུ་སྐད་གྲགས་ཆེ་བའི་གཞས་མ་ཤཱ་ཀིའི་ར་སོགས་སྒྱུ་རྩལ་བ་རྣམས་ཀྱིས་གླུ་དབྱངས་ཀྱི་ཁྲོད་ནས་མཛད་སྒོ་དེ་ཉིད་གྲ་རྒྱས་པོའི་ངང་འགོ་འཛུགས་བྱེད་རྒྱུ་ཡིན་པ་རེད།

table_cuo-2ཕྱི་ཚེས་༡༡ ཉིན་རྩེད་འགྲན་དངོས་སུ་འགོ་འཛུགས་བྱེད་ས་རྒྱལ་ས་ཇཱོ་ཧ་ནི་སི་བྷག་ཏུ་ཡོད་པའི་སོ་ཁར་སི་ཊིའི་རྩེད་ཐང་དུ་ཐེངས་དང་པོར་ལྷོ་ཨ་ཧྤི་རི་ཁའི་རྒྱལ་ཁབ་དང། བྱང་ཨ་མི་རི་ཁའི་གླིང་ཕྲན་ནས་ཡོང་བའི་མེག་སི་ཁོ་རྒྱལ་ཁབ་གཉིས་དབར་རྒྱ་གར་གྱི་དགོང་དྲོའི་ཆུ་ཚོད་༧་༣༠ ཐོག་འགྲན་སྡུར་བྱེད་རྒྱུ་དང། ཚེས་༡༡ ཉིན་གྱི་རྒྱ་གར་གྱི་མཚན་མོའི་ཆུ་ཚོད་༡༢་༣༠ ཐོག་ཧྥ་རན་སི་དང། ཡུ་རུ་གྷུའེ་གཉིས་དབར་འགྲན་བསྡུར་བྱེད་རྒྱུ་ཡིན་པ་རེད།

http://www.fifa.com/worldcup/matches/index.html ད་ལོའི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་དུ་ཞུགས་མཁན་རྒྱལ་ཁབ་༣༢ ཡོད་པ་རྣམས་ནི་གཤམ་གསལ་ལྟར་ཡིན།
table_cup-1༡ ཨེལ་རྗི་རི་ཡ།
༢ ཨར་རྗན་ཊིའི་ན།

༣ ཨོ་སི་ཁྲུ་ལི་ཡ།

༤ བྷི་ར་རྫལ།
༥ ཁེ་མེ་རོན།
༦ ཆི་ལི།
༧ ཁོ་ཊི་ཌི་ཨོ་ཝར།
༨ ཌན་མག
༩ དབྱིན་ཇི།
༡༠ ཧྥ་རན་སི།
༡༡ འཇར་མན།
༡༢ གྷ་ན།
༡༣ གྷི་རིའི་སི།
༡༤ ཧོན་ཌུ་ར་སི།
༡༥ ཨི་ཊ་ལི།
༡༦ འཇར་པན།
༡༧ བྱང་ཀོ་རི་ཡ། (མི་མང་མང་གཙོ་ཚོགས་པའི་རྐང་སྤོལ་རུ་ཁག)
༡༨ ལྷོ་ཀོ་རི་ཡ།
༡༩ མེག་སི་ཁོ།
༢༠ ནེ་དྷར་ལན་ཌི།
༢༡ ནིའུ་རྫི་ལན་ཌི།
༢༢ ནེ་རྗི་རི་ཡ།
༢༣ ཕེ་ར་གྷུའེ།
༢༤ ཕོར་ཆུ་གྷལ།
༢༥ སིར་བྷི་ཡ།
༢༦ སི་ལོ་ཝེ་ཀི་ཡ།
༢༧ སི་ལོ་ཝེ་ནི་ཡ།
༢༨ ལྷོ་ཨ་ཧྥི་རི་ཁ།
༢༩ སི་པན།
༣༠ སུད་སི།
༣༡ ཡུ་རུ་གྷུའེ།
༣༢ ཨ་མི་རི་ཁ།
རྒྱལ་ཁབ་སུམ་ཅུ་རྣམས་སྡེ་ཚན་བརྒྱད་དུ་དབྱེ་ནས། སྡེ་ཚན་རེ་རེའི་ནང་དུ་རྒྱལ་ཁབ་བཞི་རེ་ཡོད་པ་རེད། རྩེད་འགྲན་གྱི་དུས་ཡུན་ནི་རྗེས་མའི་ཟླ་བ་སྟེ་ཕྱི་ཟླ་༧ པའི་ཚེས་༡༡ བར་ཟླ་བ་གཅིག་རིང་རྩེ་རྒྱུ་ཡིན་པ་རེད།།

Share this:
༢༡ ཀློག་གྲངས།