འོས་བསྡུའི་དེབ་སྐྱེལ་རྗེས་ལུས་རེད།

ཁོང་གིས་ས་གནས་ཀྱི་འོས་བསྡུ་ཚོགས་ཆུང་གི་དུས་ཕྱི་ཟླ་ ༧ པའི་ཚེས་ ༡༥ ལ་རྫོགས་འགྲོ་ཡི་ཡོད་པ་རེད། དེ་ནས་འོས་བསྡུ་ཚོགས་ཆུང་གསར་པ་འདེམས་བསྐོ་བྱེད་དགོས་པ་ཡིན་ཚང་གཞུང་ལ་ཡར་ཡི་གེ་ཞིག་བཏང་ཡོད། ད་དུང་གཞུང་གི་བཀའ་བསྒུག་ནས་བསྡད་ཡོད། ཟླ་འདིའི་ཟླ་མཇུག་ས་གནས་འགོ་འཛིན་འཕོ་འགྱུར་འགྲོ་རྒྱུ་དང་ཡང་འཁེལ་ཡོད་པས་ང་ཚོ་བྲེལ་བ་མང་པོ་ཆགས་ཀྱི་འདུག ཅེས་བརྗོད་སོང་། དེ་བཞིན་བདེ་སླར་གཞིས་ཆགས་སུ་ཡང་ཟླ་འདི་ཚེས་ ༢༠ རྗེས་སུ་འོས་བསྡུ་ཚོགས་ཆུང་གསར་པ་འོས་བསྡུ་བྱེད་ཀྱི་ཡོད་པ་རེད་འདུག དེར་བརྟེན་གཞུང་གིས་དམིགས་བསལ་ལམ་སྟོན་དང་བཀའ་ཡིག་རེ་འབྱོར་ཀྱི་མེད་ན། སྦེལ་ཀོབ་ས་གནས་འོས་བསྡུའི་དེབ་སྐྱེལ་དེ་ཉུང་མཐར་ཡང་ཟླ་ཕྱེད་ལྷག་རྗེས་ལུས་ཐེབས་རྒྱུ་རེད་འདུག སྤྱིར་བཏང་ནས་ད་ལོའི་འོས་སྔོན་འགྲོའི་འོས་བསྡུས་དུས་ཚོད་དེ་ལྷོ་ཕྱོགས་བོད་མའི་གཞིས་ཆགས་ཁག་གི་དུས་ཚོད་ཀྱི་གནས་བབ་དང་འཚམས་པོ་གཏན་ནས་ཆགས་མེད་པར་བརྟེན་འོས་བསྡུའི་དེབ་སྐྱེལ་དུས་ཐོག་ཏུ་བྱས་ཀྱང་སྔོན་འགྲོའི་འོས་འདེམས་དེ་ཆ་ཚང་ཞིག་ཡོང་ཐུབ་ཀྱི་མ་རེད། གང་ཡིན་ཟེར་ན། ཕྱི་ཟླ་ ༩ ཚེས་ ༡༥ ནས་ལོ་སར་ཁ་མཚམས་བར་དུ་གཞིས་ཆགས་བོད་མི་རྣམས་ལབ་གོས་ཚོང་བསྐྱོད་བྱེད་པའི་དུས་ཚོད་དང་ཏག་ཏག་ཐུག་ཡོད་པས་རེད་ལ། དུས་ཚོད་དེའི་ནང་ང་ཚོས་ལོ་གཅིག་གི་ལྟོ་གོས་ཀྱིས་མ་རྩ་མཁོ་སྒྲུབ་བྱེད་དགོས་པར་བརྟེན། འོས་བསྡུའི་ལས་དོན་དེ་སེམས་ལ་ཉར་ཐུབ་ཀྱི་མ་རེད། དབུས་འོས་བསྡུ་ལས་ཁུངས་ཀྱིས་གནས་མི་མང་འབྲེལ་བ་བྱས་ནས་དུས་ཚོད་ཀྱི་གནས་བབ་ཞིབ་འཇུག་མ་པ་ཡིད་ཚོད་འདུག་པས་ང་ཚོ་བློ་ཕམས་བྱུང་ཞེས་ཟླ་འདིའི་ཚེས་ ༡༧ བོད་ཀྱི་གྲོས་ཚོགས་སྲིད་བྱུས་ཉམས་ཞིབ་ཁང་དང་གཉའ་ཁྲི་དཔེ་མཛོད་ཁང་གཉིས་ཀྱིས་ཟབ་སྦྱོང་སྐབས་ཀྱི་ས་བོད་མིའི་ཟབ་སྦྱོང་བ་ཚོས་བསམ་ཚུལ་འདོན་མཁན་ཡང་མང་པོ་བྱུང་སོང་། དུ་མི་ཁོང་ཚོས་དབུས་འོས་བསྡུ་ལས་ཁུངས་ཀྱི་དུས་ཚོད་ལ་འགྱུར་བ་གཏོགས་ཐབས་ཀྱི་ཐུགས་བཞེས་གནང་དགོས་ཀྱི་འདུག་ཅེས་སམས་ཚུལ་བརྗོད་སོང་།

Share this:
༥༥ ཀློག་གྲངས།