རྣམ་རྟོག་གི་འཇིག་རྟེན།

སྐབས་འདིར་རྣམ་རྟོག་ཟེར་བ་འདི་མ་བཤད་རང་བཤད་རེད་འདུག གལ་སྲིད་རྣམ་རྟོག་གིས་རང་གི་སེམས་སུ་ལྷ་ཞིག་བསྐྲུན་ཡོད་ན། ལྷ་དེ་ལ་ཡར་འཇོན་ཐང་ཡོད་མཁན་ཞིག་དང་། ཕན་འདོགས་མཁན་ཞིག་ཏུ་བརྩིས་ན་རང་ཉིད་ལ་ལྷ་དེ་ནི་སེམས་ཤུགས་སྤར་མཁན་འདྲ་བོ་ཞིག་ཆགས་ཀྱི་ཡོད་ཚོད་རེད།

རང་ཉིད་ལ་སེམས་ཤུགས་ཡོད་པ་དང་། སེམས་འགུལ་ཐེབས་བཅུག་མཁན་ཡོད་པ་ཙམ་གྱིས་ལས་དོན་གང་ཞིག་འགྲུབ་ཐུབ་ཀྱི་མེད་ནའང་”ལྷའི་ཕན་ཐོགས་རེད་ཨ་”བསམ་པ་ཞིག་ཤར་བ་ལ་བསམ་མཁན་དེའི་སེམས་སུ་ལྷས་མགོན་སྐྱབས་དཔུང་གཉེན་མཛད་ཀྱི་རེད་བསམ་པ་ཞིག་དགོས་ཀྱི་ཡོད་ཚོད་རེད། བསམ་པ་དེས་རང་ཉིད་ལ་གདེང་ཚོད་ (self confidence) མཐོ་རུ་བཏེགས་ཐུབ་ཀྱི་ཡོད་པ་དང་། དེས་རང་གི་ལས་དོན་གང་ཞིག་འགྲུབ་པའི་མཐུན་རྐྱེན་དུ་འགྲོ་གི་ཡོད་ཚོད་རེད།

དེ་ལས་ལྡོག་སྟེ། འདྲེ་ཟེར་བ་ནི་གནོད་སྐྱེལ་མཁན་ཞིག་ཏུ་ངོས་བཟུང་ནས། དེ་ལྟ་བའི་རྣམ་རྟོག་གིས་རང་ཉིད་གི་བྱ་བ་དོན་འཁྱོལ་ཡོང་བར་ལ་མཐུན་རྐྱེན་དུ་མི་འགྲོ་བ་འགལ་རྐྱེན་དུ་འགྲོ་གི་ཡོད་ཚོད་རེད།

སྤྱིར་གཟུགས་པོར་ན་ཚ་བྱུང་སྐབས་ན་ཚའི་ནད་འབུ་གཙོས་བའི་རྒྱུ་རྐྱེན་འདི་དང་དེ་ཟེར་ནས་ཐད་གཏུགས་ཐུབ་ཀྱི་རེད། ཡིན་ནའང་རྣམ་རྟོག་ལ་སོགས་བསམ་བློ་འཁྱེར་སྟངས་མ་འདྲ་བར་བརྟེན་ནས་སྨྱོན་ནད་མང་པོ་ཞིག་ཡོང་གི་ཡོད་པའི་སྐབས་སུ། སྨྱོན་པ་བཟོ་བྱེད་ཀྱི་རྒྱུ་རྐྱེན་ཐག་བཅད་ནས་མཛུབ་མོ་འཛུགས་ས་རག་རྒྱུ་ཤིན་ཏུ་ནས་དཀའ་མོ་རེད།

དེར་བརྟེན་གནད་འགག་འདི་ལ་ཚིག་ཐག་བཅད་ནས་ཡིན་ལུགས་མིན་ལུགས་ཀྱིས་འགྲེལ་བཤད་ཐུབ་རྒྱུ་མེད་པ་ནི་ཞིབ་འཇུག་བྱ་ཡུལ་ལ་གཞི་འཛིན་ས་དང་ཚད་འཇལ་ས་ཞིག་མེད་པ་རེད།

ལྷ་འདྲེ་མེད། ཡོད་པ་ནི་རྣམ་རྟོག་གིས་ལྷ་འདྲེ་བསྐྲུན་པ་རེད་ཟེར་བའང་འཁོར་ཡུག་མི་འདྲ་བ་ཞིག་དང་སློབ་སྦྱོང་མི་གཅིག་པ་ཞིག་གིས་ཤུགས་རྐྱེན་འོག་ནས་བསམ་བློ་དེ་ཡང་རྣམ་རྟོག་མ་འདྲ་བ་ཞིག་ཡིན་སྲིད་པ་རེད། དེ་འདྲ་སོང་ཙང་རང་ཉིད་ཀྱི་བསམ་བློའི་ཕྱི་རོལ་ན་གཟུགས་ཅན་ནམ་གཟུགས་མེད་ལྷའམ་འདྲེ་ཟེར་བ་ཞིག་ཡོད་སྲིད་རྒྱུ་ཨེ་རེད་ཟེར་བའི་དྲི་བ་དེ་ད་དུང་ལན་མེད་པ་ལུས་སྡོད་ཀྱི་འདུག

སྐུ་ངོ་གསེར་རྟའི་དངོས་སྒྲུང་ལས་འཕྲོས་ཏེ་ངའི་རྣམ་རྟོག་འགའ་འདི་ལ་ཁྲོམ་བསྒྲགས་ཤོར་སོང་།

Share this:
༨༤ ཀློག་གྲངས།