གལ་ཆེའི་གསལ་བསྒྲགས།

དེ་ནི་ད་ལྟའི་བོད་ཀྱི་ཛ་དྲག་གི་གནས་སྐབས་འདིར་སྐབས་གསུམ་པའི་བཀའ་ཁྲི་ནི་ཧ་ཅང་གལ་ཆེན་ཞིག་ཡིན་པར་ངོས་བཟུང་ནས་ཞུས་པ་ཞིག་ཡིན། བགྲོ་གླེང་གཙོ་སྐྱོང་ཞུ་མཁན་བང་ཆེན་ཟིན་བྲིས་པ། འབའ་བ་སྐལ་བཟང་ཕྲིན་ལས་དང་། འཆམ་ར་དྲི་མེད་རྒྱལ་མཚན་གཉིས་ཡིན། འཆམ་ར་བའི་ཟིན་བྲིས་ནང་༼སྐབས་གསུམ་པའི་བཀའ་བློན་ཁྲི་བ་འཚོལ་བ༽ཞེས་པའི་བརྗོད་གཞིའི་ཐོག་སྐབས་གསུམ་པའི་བཀའ་བློན་ཁྲི་བ་དེ་བཙན་བྱོལ་སྤྱི་ཚོགས་ནང་ནས་སུ་ཞིག་འོས་མིན་ཐད་ཞིབ་དཔྱད་ཀྱིས་གླེང་རྒྱུ་དང་།

འབའ་བ་བའི་ཟིན་བྲིས་ནང༼སྐབས་གསུམ་པའི་བཀའ་བློན་ཁྲི་བའི་འགན་འཁྲི༽ཞེས་པའི་བརྗོད་གཞིའི་ཐོག་སྐབས་གསུམ་པའི་བཀའ་ཁྲི་སུ་ཞིག་སླེབས་པ་དེས། ད་ལྟའི་བོད་ཀྱི་གནས་བབ་འདི་ལ་བཞིགས་ནས་བྱེད་ཐུབ་དགོས་པ་དེ་གང་དང་གང་ཞིག་ཡིན་མིན་ཐད་གླེང་རྒྱུ་བཅས་ཡིན། དེ་ཡང་། སྔ་དྲོའི་བགྲོ་གླེང་ཆུ་ཚོད་༩་བའི་ཐོག་དབུ་བཙུགས་ཏེ། ཉིན་གུང་ཆུ་ཚོད་དང་པོའི་བར་འཚོགས་རྒྱུ་ཡིན་ལ། ཆུ་ཚོད་དང་པོ་ནས་ ༢ པའི་བར་གུང་ཟས་ཀྱི་བར་གསེང་ཡིན། ཕྱི་དྲོའི་བགྲོ་གླེང་ཆུ་ཚོད་ ༢ པའི་ཐོག་དབུ་བཙུགས་ཏེ་ཆུ་ཚོད་ ༥ པའི་བར་འཚོགས་ནས་ཉིན་གཅིག་གི་བགྲོ་གླེང་མཐའ་སྡོམ་ཞུ་རྒྱུ་བཅས་ཡིན།

དོ་སྣང་དགོས་རྒྱུར། བགྲོ་གླེང་གི་དཀྱིལ་མར་འབྲེལ་མེད་ཀྱི་ལབ་གླེང་དང་། ཚིག་ངན་གྱི་སྨྲ་འབེབ་གཏན་ནས་་མི་གནང་བ་བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་ལ་གུས་བརྩི་ཞུ་དགོས། སྐབས་དེར་དོན་སྙིང་ལྡན་པའི་བགྲོ་གླེང་ཞིག་བྱུང་ཚེ། ཚགས་ཤོག་དང་དུས་དེབ་ཁག་ཅིག་ནང་སྤེལ་འཆར་ཡོད་པས། བོད་མི་རིགས་ལ་དུང་ཤིང་། བོད་ཀྱི་རྒྱལ་ཁབ་ལ་དགའ་བའི་སྐྱེ་བོ་ཚོས་ངེས་པར་དུ་ཆ་ཤས་བླངས་ནས། སྐབས་གསུམ་པའི་བཀའ་བློན་ཁྲི་བ་འཚོལ་དཔྱད་སྡུར་གསུམ་གྱི་ལམ་ནས་དོན་སྙིང་ལྡན་པའི་བགྲོ་གླེང་ཞིག་གནང་ཐུབ་པའི་རེ་བ་ཞུ་བཞིན་ཡོད། ཁ་དྲོ།

{jcomments on}

Share this:
༡༡ ཀློག་གྲངས།