ནང་པའི་ཚན་རིག་གི་འགྲེམས་སྟོན།

དེ་ཡང་དེའི་སྐོར་ལ་འགྲེལ་བརྗོད་གནང་དོན། དེ་རིང་གི་ཚན་རིག་འགྲེམས་སྟོན་འདི་བྱེད་དོན་ནི་༧གོང་ས་མཆོག་གིས་དུས་ནས་དུས་སུ་ང་ཚོར་ནང་ཆོས་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གནང་དོན། ནང་པའི་ཚན་རིག་དང་ནང་པའི་ལྟ་བ་ནང་པའི་ཆོས་ཞེས་སྡེ་ཚན་གསུམ་བྱས་ཡོད་པ་གཞིར་བཟུང་ཐོག་རི་མོའི་ལམ་ནས་འགྲེམས་སྟོན་བྱས་པ་ཡིན། དེ་ཡང་སློབ་ཕྲུག་གོ་བདེ་བ་དང་ཤེས་ཚད་མྱུར་དུ་འགྲོ་བ། ལྷག་པར་དོ་སྣང་ཡོང་ཆེད་སོགས་ཕྱོགས་ཡོངས་ནས་ཕན་ཐོགས་ཆེན་པོ་ཡོད་པར་དམིགས་པ་ཞིག་ཀྱང་ཡིན།འགྲེམས་སྟོན་བྱེད་རྒྱུའི་ནང་དོན་དེ་ཡང་ནང་པའི་མདོ་དང་བསྟན་བཅོས་དག་གིས་ནང་ན་གསུངས་ཡོད་པ་ཇི་བཞིན་གཟའ་སྐར་གྱི་རྒྱུ་ཕྱོགས་དང་འཇིག་རྟེན་བྱུང་རིམ། དབང་ལྔའི་ཚོར་ཤེས་སོགས་ཇི་ལྟར་ཡོང་གི་ཡོད་མེད་སྐོར་རི་མོའི་ལམ་ནས་གང་ཐུབ་ཅི་ནུས་ཀྱིས་འབྲེལ་བཤད་བྱེད་ཀྱི་ཡོད། དེ་བཞིན་མ་འོངས་པར་ཡང་ས་གནས་གཞན་ལ་འདི་ལྟར་འགྲེམས་སྟོན་བྱེད་འཆར་ཡོད་ཅེས་འགྲེལ་བརྗོད་གནང་སོང།།
མོན་གྷོ་གསར་འགོད་པས།

{jcomments on}

Share this:
༡༣ ཀློག་གྲངས།