འབྲས་བློ་གླིང་དུ་འཁྲུངས་སྐར་སྲུང་བརྩི།

དེ་བཞིན་དགའ་ལྡན་ཤར་བྱང་དང་འབྲས་སྒོ་མང་གྲྭ་ཚང་རྣམས་ཀྱི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམ་པ། སློབ་གྲྭ་ཁག་གི་སློབ་སྤྱི་དགེ་ལས་སོགས་ཆེད་ཕེབས་གནང་ཡོད་པ་རེད།

༧སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་ནས་༧རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མཎྜལ་རྟེན་གསུམ་འདེགས་འབུལ་དང་སྣང་གསལ་མར་མེ་སྒྲོན་འབུལ་གྲུབ་རྗེས་བློ་གླིང་སློབ་གྲྭའི་སློབ་སྤྱིས་མཛད་སྒོ་ངོ་སྤྲོད་གཏམ་བཤད་གནང་ཡོད་པ་དང། དེ་བཞིན་བློ་གླིང་སློབ་གྲྭ་དང་མོན་གྷོ་གཏན་སློབ་ཀྱི་ངོས་ནས་འབྱུང་འགྱུར་བཀའ་བློན་ཁྲི་པ་སྐྱ་བོ་དང་སེར་མོ་བ་སུ་འོས་དང་བཀའ་ཁྲི་བསྟུད་མར་གནང་མཚམས་སླར་ཡང་མི་མཐུད་གནང་འོས་མིན་ཐོག་བགྲོ་གླེང་བྱས་ཡོད་པ་རེད། མཇུག་ཏུ་བློ་གླིང་ཕྱག་མཛོད་ཀྱིས་ཐུགས་རྗེ་ཆེ་ཞེས་གསུང་བཤད་དང་སྤྲགས་ཉིན་འདིའི་མཛད་རིམ་ལེགས་པར་གྲུབ་ཡོད་པ་རེད།། མོན་གྷོ་གསར་འགོད་པས།

Share this:
༡༦ ཀློག་གྲངས།