རྒྱ་ནག་གི་ལྷོ་ཕྱོགས་སུ་དྲག་ཆར་གྱི་གནོད་འཚེ།

ཟླ་འདིའི་ཚེས་༡༠ ཉིན་གྱི་དུས་ཚོད་༡༢ བར་བསྡོམས་རྩིས་བྱས་པ་ལྟར་ན། ཕྱི་ཟླ་༧ པའི་ཚེས་༡ ཉིན་གྱི་ཚུན་ལ། རྒྱ་ནག་གི་ལྷོ་ཕྱོགས་ས་ཁུལ་ལ་དྲག་ཆར་བབས་ཏེ། ཀྲེ་ཅང་དང་ཨན་ཧུའེ། ཧྥུ་ཅན། ཅང་ཞི། ཧུའུ་པེ། ཧུའུ་ནན། ཁྲུང་ཆིང། ཟི་ཁྲོན། ཀུའེ་ཀྲུའུ་བཅས་ཞིང་ཆེན་དང་གྲོང་ཁྱེར་དགུའི་མི་བྱེ་བ་༡.༧༡༡ ལ་ཆུ་ལོག་གི་གནོད་འཚེ་ཐེབས་ཡོད་པ་དང། རྐྱེན་ངན་དེ་ཡི་ཁྲོད་མི་༥༠ རྐྱེན་ལམ་དུ་ཤོར་བ་དང་། མི་༡༥ གར་སོང་ཆ་མེད་དུ་གྱུར་པ།  མི་འབུམ་༥.༩༩ བདེ་འཇགས་ཡིན་སར་སྤོ་དགོས་བྱུང་བ། ལོ་ཏོག་རྒྱ་མ་སྟོང་ཕྲག་༩༤༦ ལྷག་ལ་གནོད་འཚེ་ཐེབས་པ་དང་། ཁང་པ་༤༢༠༠༠ བརྡིབས་པ། ཁང་བ་འབུམ་༡.༢ ལྷག་ལ་གཏོར་སྐྱོན་ཐེབས་པ་དང་།  སྒོར་མོ་དུང་ཕྱུར་༨༩.༣ གྱི་གྱོང་གུད་ཐེབས་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།།

{jcomments on}

Share this:
༧༥ ཀློག་གྲངས།