ཐེ་ཝན་གྱི་གྲོས་ཚོགས་ནང་གི་འཁྲུག་འཛིང།

fight in taiwan parlimentདེ་ཡང་ཟླ་འདིའི་ཚེས་༧ ཉིན་བྷི་བྷི་སི་དང་ཨཱི་པོ་ཁི་དུས་བབས་ཀྱི་དྲ་གནས་སོགས་སུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་གྲངས་འགའི་སྔོན་དུ་ཐེ་ཝན་གཞུང་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་དབར། རང་དབང་ཁྲོམ་རའི་གྲོས་དོན་ཡིག་ཆ་ཟེར་བ་བཞག་ནས། ངོགས་གཉིས་དབར་སྔར་བྱུང་མྱོང་མེད་པའི་ཚོང་ལས་ཀྱི་ལས་གཞི་ཆེན་པོ་ཞིག་འཆར་འགོད་བྱས་ཡོད་ཚུལ་བརྗོད་ཡོད་རུང་། ཐེ་ཝན་མི་མང་དང་མང་གཙོ་ཡར་ཐོན་ཚོགས་པ་གཉིས་ཀྱིས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་དང་། ཟླ་འདི་ནི་ཚོང་དོན་གྲོས་གཞི་ཡིག་ཆ་ལ་མིང་རྟགས་འཁོད་པའི་དུས་ཡིན་པས། ཐེ་ཝན་གྱི་གྲོས་ཚོགས་ནང་འཛིན་སྐྱོང་ལས་ཐོག་པ་གོ་མིན་ཏང་ཚོགས་པ་དང་། མང་གཙོ་ཡར་ཐོན་གཉིས་ཚོང་དོན་གྲོས་གཞིའི་ཐོག མིང་རྟགས་འཁོད་དགོས་མིན་སོགས་གྲོས་འཆམ་མ་བྱུང་བས། མཐར་གྲོས་ཚོགས་འཐུས་མི་རྣམས་ཕྱོགས་གཉིས་སུ་ལངས་ནས་འཁྲུག་འཛིང་ཤོར་བས། འཐུས་མི་གཉིས་གྲོས་ཚོགས་ནས་སྨན་ཁང་དུ་མྱུར་སྐྱོབས་ཀྱི་ཆེད་དུ་འགྲོ་དགོས་བྱུང་ཡོད་པ་རེད་།

ཐེ་ཝན་གྱི་འཛིན་སྐྱོང་གོ་མིན་ཏང་ཚོགས་པས། མང་གཙོ་ཡར་ཐོན་ཚོགས་པ་དང་མི་མང་གིས་དུས་ཡུན་རིང་པོའི་རིང་། ཚོང་དོན་གྱི་གྲོས་དོན་ཡིག་ཆར་ངོ་རྒོལ་ཤུགས་ཆེ་བྱེད་ཀྱི་ཡོད་པས། མིང་རྟགས་འགོད་རྒྱུ་དང་ལག་བསྟར་བྱེད་ཕྱོགས་ཀྱི་བགྲོ་གླེང་སོགས་ཟླ་བ་རྗེས་མ་བར་ཕྱིར་འཐེན་བྱས་ཡོད་པས། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་གྲོས་ཚོགས་ནང་འཁྲུག་འཛིང་ཤོར་བ་རྣམ་འགྱུར་ཡག་པོ་མིན་པ་དང། ངོགས་གཉིས་དབར་གྱི་ཚོང་འབྲེལ་ནི་མི་མང་གི་བདེ་སྡུག་དང་འབྲེལ་ཆེ་ལུགས་སོགས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ཀྱང། ཐེ་ཝན་མི་མང་གི་ཚོང་དོན་འདིའི་དམིགས་ཡུལ་མི་མང་ཁེ་ཕན་དང་འབྲེལ་བ་མེད་པ་དང། གལ་ཏེ་ཚོང་དོན་ཁོ་ནའི་ཆེད་དུ་ཡིན་རུང་ཐེ་ཝན་མི་མང་ལ་ཁེ་ཕན་མེད་པའི་སྐོར་དྲིིལ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

{jcomments on}

 

Share this:
༩༨ ཀློག་གྲངས།