ནུབ་བྷང་གྷལ་མངའ་སྡེའི་ནང་མེ་འཁོར་བརྡབ་སྐྱོན།

དེ་ཡང་སྟབས་ལེགས་པ་ཞིག་ལ། མེ་འཁོར་གཉིས་ཀ་དུས་གཅིག་ནང་འགྲོ་བཞིན་པའི་སྐབས་དང་ཁེལ་མེད་པས་མི་མང་པོར་སྲོག་སྐྱོན་བྱུང་མེད་པ་དང། ཨུ་ཊར་བྷན་གྷ་མེ་འཁོར་ (Uttar Banga Express) གྱི་ཁ་ལོ་བས་དུས་ཐོག་མེ་འཁོར་ཁ་བཀག་མ་ཐུབ་ནས། བྷ་གྷལ་པུར་རན་ཆི་ཝི་ནན་ཆལ་མེ་འཁོར་(Bhagalpur-Ranchi Vananchal Express) ནང་མགྲོན་པོ་ཚོ་འཛུལ་ཞུགས་བྱེད་སྐབས་གློ་བུར་དུ་བརྡབ་སྐྱོན་བྱུང་ཡོད་པ་རེད། གཞུང་ཕྱོགས་ནས་ས་ཁུལ་དེར་མའོ་ཚོགས་པའི་འཇབ་རྒོལ་དམག་མི་མང་པོ་ཡོད་པས། དང་ཐོག་མའོ་ཚོགས་པས་རྒོལ་རྡུང་བར་ཐེ་ཚོམས་བྱས་ཡོད་པ་དང། རྗེས་སུ་མེ་འཁོར་ལ་སྐྱོན་ཆག་བྱུང་ཡོད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

ད་ཐེངས་ཀྱི་ནུབ་བྷང་གྷལ་མངའ་སྡེའི་ནང་མེ་འཁོར་བརྡབ་སྐྱོན་འདི། ལོ་འདིའི་ནང་ཐེངས་གཉིས་པ་དེ་ཆགས་ཡོད་པ་དང། འདི་ལོའི་ཟླ་བ་༥ ནང་མགྲོན་སྐྱེལ་མེ་འཁོར་དང་དངོས་ཟོག་དབོར་འདྲེན་བྱེད་མཁན་གྱི་མེ་འཁོར་གཉིས་གདོང་ཐུག་བརྒྱབ་སྟེ། མགྲོན་པ་༡༥༠ ཙམ་རྐྱེན་ལམ་དུ་སོང་ཡོད་པ་རེད། སྤྱིར་རྒྱ་གར་ནང་གཉིན་གཅིག་གི་རིང་མགྲོན་སྐྱེལ་མེ་འཁོར་༩༠༠༠ ཙམ་འགྲུལ་བསྐྱོད་བྱེད་ཀྱི་ཡོད་པ་དང། དེའི་ནང་ཉིན་རེ་བཞིན་མགྲོན་པོ་ས་ཡ་༡༨ ཙམ་འགྲུལ་བཞུད་བྱེད་ཀྱི་ཡོད་འདུག།།

{jcomments on}

 

Share this:
༧༡ ཀློག་གྲངས།