བོད་མིའི་སེམས་སུ་ཏྰ་ལའི་བླ་མ་ཇི་ལྟར་གནས་ཡོད་པ་ཡིན་ནམ་ ཡོད་པ་ཡིན་ནམ།

དེ་ནས་ངས་གཏམ་རྒྱུད་ཅིག་བཤད་པ་ཡིན། ༢༠༠༦ ལོར་ཚེས་མ་ཐག་གོང་ས་ཏཱ་ལའི་བླ་མ་མཆོག་གིས་སྟོན་པ་སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་ཡུལ་གྱི་བྱང་ཆུབ་ལྗོན་ཤིང་འོག་ཏུ་དུས་འཁོར་དབང་ཆེན་གྱི་བཀའ་དབང་གནང་སྐབས་སུ། བོད་ཀྱི་ས་ཆ་གང་སར་རིན་གོང་ཆེ་ཞིང་སྟོངས་ལ་ཉེ་བའི་གཅན་གཟན་པགས་རིགས་ཉོ་ཚོང་དང་རྒྱན་གོས་བྱས་པའི་ཐད་ནན་ཏན་སྒོ་ནས་གསུང་དོན་་ཁྱོད་ཚོས་འདི་ལྟར་བྱས་ན་ང་ཏཱ་ལའི་བླ་མ་ངོ་ཚ་གིན་འདུག རྒྱལ་སྤྱི་ཡི་སྡིངས་ཆ་སྟེང་བོད་མི་རིགས་ལ་ཆེད་དུ་མིང་ངན་བཟོས་བཞིན་འདུག གཏན་ནས་ཡག་པོ་མ་རེད། ངེས་པར་དུ་མཚམས་འཇོག་བྱེད་དགོས་ཀྱི་འདུག་ཅེས་གསུངས།

གསུང་བཤད་དེ་བོད་ཀྱི་ས་ཁུལ་གང་སར་ཁྱབ་རྗེས། བོད་མི་དམངས་ཁྲོད་དུ་རང་འགུལ་ཐོག་ནས་འགུལ་སྐྱོད་བརྒྱབ་སོང་། བོད་མི་ཁྲི་སྟོང་མང་པོས་རིན་གོང་ཆེ་བའི་སྟག་གཟིག་གི་པགས་པའི་རྒྱན་གོས་ཡོད་ཚད་མེ་ནང་དུ་བསྲེགས་ཐལ། དེའི་སྐབས་སུ་གུང་ཁྲན་ཏང་གི་ལས་བྱེད་རྣམས་ཁོང་ཁྲོ་མེ་ལྟར་འབར་ཏེ་ལག་པས་མདུན་ལྕོག་ལ་ཁྲག་སྒྲ་དང་བཅས་རྒྱག་བཞིན། ང་ཚོས་པགས་རིགས་བསྡུས་མེད། མེ་རུ་བསྲེགས་པའི་ཁྲལ་ཡང་བཏང་མེད། འོན་ཀྱང་ཁོ་ཚོས་ཏཱ་ལའི་བླ་མའི་སྐད་ཆ་ཚིག་གཅིག་གིས་རང་འགུལ་གྱི་ཐོག་ནས་རིན་ཐང་ཆེ་བའིོ་པགས་རིགས་ཡོངས་རྫོགས་མེ་རུ་སྲེག་པ་རེད་ཅེས་སྐད་ཅོར་བརྒྱབ། ད་དུང་ཛ་དྲག་གི་ཡིག་ཆ་དམར་པོ་ཅན་གྱི་ནང་དུ་ཏཱ་ལའི་བླ་མའི་ལག་ནས་བོད་དམངས་ཀྱི་སེམས་པ་ཚུར་ལེན་ཐབས་བྱ་དགོས་ཞེས་འཁོད་འདུག ཡང་བློ་ཐབས་གཞན་ཞིག་ནི་པགས་རིགས་མེ་རུ་བསྲེག་མི་ཆོག་པ་དང་དུས་ཆེན་སོགས་ཀྱི་སྐབས་སུ་ངེས་པར་དུ་གྱོན་དགོས་ཟེར། སྐད་ཆ་དེ་རྔ་ཆེན་རྡུང་པ་ལྟར་གང་སར་ཁྱབ་ཀྱང་། བོད་མི་ཚོས་པགས་རིགས་རྒྱན་གོས་གཏན་ནས་མི་གྱོན་པ་མ་ཟད། རྒྱན་གོས་གྱོན་མི་གྱོན་ནི་ཚུལ་མཐུན་དང་ཚུལ་མཐུན་མིན་པའི་དབྱེ་བ་འབྱེད་བྱེད་དུ་གྱུར། བོད་ཀྱི་དམངས་ཁྲོད་ཀྱི་དུས་ཆེན་མཛད་སྒོའི་སར་པགས་རིགས་རྒྱན་གོས་གྱོན་མཁན་གཏན་ནས་མེད། འོན་ཀྱང་རྒྱ་གཞུང་གིས་བཀོད་སྒྲིག་བྱས་པའི་དུས་ཆེན་སྐབས་སུ་རྒྱན་གོས་ངེས་པར་དུ་གྱོན་དགོས་པའིོ་སྒྲིག་སྲོལ་གཏན་འབེབས་བྱས་པ་མ་ཟད། པགས་རིགས་མི་གྱོན་པ་ཚོ་ལ་ཉེས་ཆད་ཀྱང་ཆེན་པོ་གཅོད་བཞིན་ཡོད།

མུ་མཐུད་ནས་འགོད་རྒྱུ་ཡིན་་་་་་་་་་་་་་་་་་་་་་་་་་་་་་་་

Share this:
༦༧ ཀློག་གྲངས།