ལྗོན་ཤིང་ཁྲི་གསུམ་འདེབས་འཛུགས་བྱས་སོང།

ས་གནས་མི་མང་དང་གྲྭ་ཚང་ཁག་གི་ངོས་ནས་ལྗོན་ཤིང་ཁྲི་གསུམ་ཉིན་དེར་ཉེ་འཁོར་དུ་འདེབས་འཛུགས་བྱས་ཡོད་པ་རེད།

forest ཆུ་ཚོད་༡༡ ཐོག་ས་གནས་མི་མང་ཚོགས་ཁང་དུ་གཞིས་འགོ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཚོགས་འདུ་ངོ་སྤྲོད་དང་སྐུ་མགྲོན་རྣམ་པར་ཁ་བཏགས་བསྒྲོན་འབུལ་ཞུས་ཏེ་ཚོགས་འདུ་དབུ་འཛུགས་གནང་བ་དང། ཆེད་དམིགས་སྣུམ་བསྐྱེད་སྐྱེ་དངོས་ཚོགས་པའི་(Bio-fuel Task force) ཚོགས་གཙོ་དང། (Chariman , Western Ghat Task Force) ཚོགས་པའི་ཚོགས་གཙོ་རྣམ་གཉིས་ནས་ཕྱིར་འཛམ་གླིང་གི་ཁོར་ཡུག་ལ་གནོད་སྐྱོན་ཕོག་པའི་རྐྱེན་གྱིས་སའི་གོ་ལའི་དྲོད་ཚད་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ང་ཚོས་ངོས་ནས་ཀྱང་རང་བྱུང་ཁོར་ཡུག་ལ་གཅེས་སྤྲས་གནང་དགོས།  དེ་སྔོན་ཡང་ལྗོན་ཤིང་ཁྲི་ཕྲག་མང་པོ་འདེབས་འཛུགས་ཀྱི་ལས་གཞི་འགྲུབ་ཟིན་ལ།  ང་ཚོས་སྐྱེ་དངོས་གང་མང་འདེབས་འཛུགས་བྱས་ཏེ་ལྗང་མདོག་གི་འཇིག་རྟེན་ཞིག་ཡོང་ཐབས་སུ་འབད་དགོས། ལྷག་པར་སྣུམ་ལྡན་གྱི་སྐྱེ་དངོས་འདེབས་འཛུགས་བྱས་པ་ཡིན་ན་ཁོར་ཡུག་ལ་སྲུང་སྐྱོབ་དང་ཡོང་འབབ་དུས་གཅིག་ལ་སྒྲུབ་ཐུབ་པའི་ལས་གཞི་ཞིག་ཡིན་སྐོར་སོགས་འབྲེལ་བརྗོད་གནང་སོང་།

དེ་བཞིན་ཀ་ཎ་ཌ་ཀའི་རྫོང་དཔོན་གྱིས་ལས་གཞི་དང་འབྲེལ་བའི་གསུང་བཤད་གནང་དོན།  མོན་གྷོ་གཞིས་ཆགས་སུ་འགྱིག་རིགས་ཀྱི་ཁུག་མ་བེད་སྤྱོད་མ་གཏོང་ཞེས་པ་སོགས་ཀྱི་སྦྱར་བྱང་མང་པོ་མཐོང་རྒྱུ་འདུག་ལ་དེ་ལྟར་དང་བླངས་ཀྱི་སྒོ་ནས་ལག་ལེན་ཡང་བྱེད་ཀྱི་ཡོད་པ་མ་ཟད་༧གོང་ས་མཆོག་གི་འཁྲུངས་སྐར་ལྟ་བུའི་དུས་ཆེན་ཁག་ལ་ལྗོན་ཤིང་མང་པོ་འདེབས་འཛུགས་བྱེད་ཀྱི་ཡོད་པ་རེད། འདི་ཚོ་ནི་བསྔགས་འོས་ཀྱི་གནས་ཤིག་རེད། སླད་ཕྱིན་ཡང་མོན་གྷོ་བོད་པའི་གཞིས་ཆགས་འདི་ས་གནས་དང་གཞིས་ཆགས་གཞན་པའི་མིག་དཔེར་འོས་པ་ཞིག་ཡོང་བའི་ཡིད་ཆེས་དང་རེ་སྐུལ་ཞུ་བཞིན་ཡོད།  ཡར་ཐོན་གྱི་རྣམ་པ་འདི་ཚོ་མཐོང་སྐབས་མ་འོངས་པར་རང་ངོས་ནས་ཀྱང་རོགས་པ་གང་ཐུབ་བྱེད་རིན་འདུག་བསམ་པའི་ཚོར་སྣང་ཞིག་ངང་གིས་ཡོང་གི་འདུག་ཅེས་གསུངས་སོང། དེ་བཞིན་འབྲེལ་ཡོད་སྐུ་མགྲོན་ཁག་ནས་རིམ་པས་གསུང་བཤད་གྲུབ་རྗེས་དང་བླངས་ཁོར་ཡུག་སྲུང་སྐྱོབ་པ་དང་བློ་གླིང་སློབ་སྤྱི་ཐུབ་བསྟན་བློ་ལྡན་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཚོགས་འདུ་མཇུག་བསྡུ་གནང་བ་དང། སྐུ་མགྲོན་རྣམས་ནས་དངོས་སུ་ལྗོན་ཤིང་བཅུ་ཕྲག་ཅིག་མོན་གྷོ་མི་མང་ཚོགས་ཁང་གི་མདུན་ཐང་དུ་འདེབས་འཛུགས་བྱས་སོང་། །མོན་གྷོ་གསར་འགོད་པས།

{jcomments on}

Share this:
༡༢༦ ཀློག་གྲངས།