མདོ་སྟོད་དང་བླངས་འོས་གཞི་བསྡུ་རུག་ཚོགས་པའི་འོས་གཞི།

sangyetashi1དཀར་མཛེས་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་དེའི་སྐོར་གསུང་དོན། ང་རང་སྔོན་མ་ནང་མི་ཟླ་སྒྲིལ་བྱས་ནས་ཨ་རིར་གཞིས་ཆགས་ཕྱིན་པའི་གྲས་རེད། ད་ཆ་རྒན་ཡོལ་བྱས་ཟིན་པ་ཡིན། འོན་ཀྱང་རང་ཉིད་ཀྱི་མི་རྒྱུ་གཉིས་ཀ་བོད་སྤྱི་པའི་རྩ་དོན་ཆེད་དུ་བློས་གཏོང་བྱེད་རྒྱུའི་སེམས་ཐག་བཅད་པ་ཡིན། ཨ་རིར་དམིགས་བསལ་བྱེད་རྒྱུ་མི་འདུག་དེར་བརྟེན་རྒྱ་གར་དུ་ཡོང་ནས། སྐབས་བཅོ་ལྔ་པའི་སྤྱི་འཐུས་དེ་གལ་ཆེན་པོ་ཡིན་སྟབས་ལས་འགུལ་འདི་འདྲ་ཞིག་སྤེལ་བ་ཡིན་ཞེས་འགྲེལ་བརྗོད་བྱས་བྱུང།  གཞན་ཡང་གསར་འགོད་གསལ་བསྒྲགས་ཀྱི་ནང་དུ་འཁོད་པ་ལྟར་ན། བོད་ཀྱི་བསྟན་སྲིད་ཧ་ཅང་འགག་རྩ་ཅན་འདི་འདྲ་ལ་སླེབས་སྐབས། བོད་མི་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་དང། ༧རྒྱལ་བའི་བཀའ་དགོངས་གཞིར་བཟུང་བོད་གཞུང་ལ་གུས་ཞེན་གཉིས་ཀ་ལྡན་པའི་རྣམ་དཔྱོད་དང་ལྷག་བསམ་ཅན་རྣམས། སྤྱི་ཚོགས་ཀྱི་སྡིངས་ཆའི་སྟེང་དུ་བཤམས་པའི་དུས་ལ་བབས་ཡོད་ཚུལ་དང། དྷ་སར་གནས་སྡོད་བྱེད་མཁན་སོགས་ས་གནས་གང་ས་ནས་མི་སྣ་བཅུ་ཕྲག་གཉིས་ལྷག་མཉམ་འཛོམས་ཀྱིས། དགག་དགོས་ཀྱི་བགྲོ་གླེང་ལྷུག་པོ་ཆུ་ཚོད་ལྔ་ཙམ་བྱས་མཐར་སྤྱི་མོས་ཀྱིས་རྒྱབ་སྐྱོར་ཐག་གཅོད་བྱུང་ཞེས་བཀོད་འདུག

དང་བླངས་ཚོགས་པ་དེས་བཏོན་པའི་མདོ་སྟོད་སྤྱི་འཐུས་ཀྱི་འོས་གཞི་མི་སྣ་༢༧ འདུག་པ་གཤམ་གསལ་ལྟར་ཡིན།

༡ མཁས་དབང་ཟམ་གདོང་རིན་པོ་ཆེ། བཀའ་བློན་ཁྲི་པ།
༢ བསྟན་འཛིན་ནོར་བུ། ཚོགས་དྲུང་ལས་ཁུངས་ཀྱི་མགྲིན་ཚབ་པ།
༣ བློ་བཟང་ཡེ་ཤེས། གཞོན་ནུའི་ཚོགས་གཞོན་ཟུར་པ།
༤ སྐལ་བཟང་རྒྱལ་མཚན། སྤྱི་འཐུས་ལས་ཐོག
༥ གསེར་རྟ་ཚུལ་ཁྲིམས། སྤྱི་འཐུས་ལས་ཐོག    
༦ དབུ་དཀར་ཚང་གཡུ་སྒྲོན། སྤྱི་འཐུས་ལས་ཐོག
༧ ཚེ་དབང་བསྟན་འཛིན། རྒྱ་གར་Alice སློབ་གྲྭའི་སྤྱི་ཁྱབ་འགན་འཛིན།
༨ ཆོས་འཕེལ་ཐུབ་བསྟན། བོད་མིའི་སྤྱི་མཐུན་མཉམ་འབྲེལ་ལས་ཁུངས་ཀྱི་དམིགས་བསལ་ལས་བྱེད།
༩ ནང་ཆེན་བསྟན་འཛིན། སིམ་ལ་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ།
༡༠ ཆོས་སྐྱོང་དབང་ཕྱུག སྤྱི་འཐུས་ལས་ཐོག
༡༡ ཨ་ཀྲུག་ཚེ་བརྟན། མོན་གྷོ་ས་གནས་ཆུ་སྒང་ཚོགས་གཙོ།
༡༢ རྒྱ་རི་སྒྲོལ་མ། སྤྱི་འཐུས་ཚོགས་གཞོན།
༡༣ པདྨ་བདེ་ལེགས། བོད་རིགས་སྤྱི་མཐུན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ།
༡༤ བསོད་ནམས་དབང་འདུས། སྒེར་བཙུགས་སློབ་གྲྭ་ཞིག་གི་སྦྱིན་བདག་དང་འགན་འཛིན།
༡༥ དོན་གྲུབ་ལྷ་དར། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ།
༡༦ རྡོ་གཅོད་བསྟན་འཛིན་དབང་རྒྱལ། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ།
༡༧ ཟླ་བ་སྒྲོལ་མ། ཧོན་སུར་ས་གནས་ཆུ་སྒང་ཚོགས་གཙོ།
༡༨ ཚུལ་ཁྲིམས་བསྟན་འཛིན། སྤྱི་འཐུས་ལས་ཐོག
༡༩ གངས་ལྷ་མོ། བོད་ཀྱི་བང་ཆེན་དྲ་རྒྱའི་རྒྱ་ཡིག་རྩོམ་སྒྲིག་པ།
༢༠ སེར་སྨད་བློ་དགའ། སྦེལ་ཀོབ་ས་གནས་མང་གཙོ་ཚོགས་པའི་ཚོགས་གཙོ།
༢༡ ཡེ་ཤེས་ཆོས་བཟང། བོད་ཀྱི་ཆ་འཕྲིན་དྲ་བའི་རྩོམ་སྒྲིག་འགན་འཛིན།
༢༢ འཇམ་དབྱངས་བཟོད་པའམ་བསོད་ནམས་རྒྱ་མཚོ། བོད་ཀྱི་བང་ཆེན་གསར་འགོད་པ།
༢༣ ངག་དབར་ཐར་པ། དྷ་ས་ས་གནས་ཆུ་སྒང་ཚོགས་གཙོ།
༢༤ པདྨ་རྡོ་རྗེ། ས་རཱ་གཞོན་ནུའི་ཚོགས་གཙོ་ཟུར་པ།
༢༥ འཇམ་དཔལ་རྒྱ་མཚོ། རྒྱུད་སྟོད་གྲྭ་ཚང་གི་ཕྱག་མཛོད་དང་འཕྲོད་ཤེས་འགན་འཛིན།
༢༦ སྨོན་ལམ་གྲགས་པ། དྷ་ས་ས་གནས་ཆུ་སྒང་གི་དྲུང་ཟུར།
༢༧ དབང་འདུས་རྡོ་རྗེ། ཅཱན་དྷི་གྷར་མཐོ་སློབ་ཀྱི་སློབ་ཟུར།

གསར་འགོད་གསལ་བསྒྲགས་ཀྱི་ནང་དུ་གསལ་བཤད་ཅིག་བྱས་འདུག་པ་ནི། ང་ཚོའི་འོས་གཞི་བསྡུ་སྒྲིག་གི་གོ་རིམ་འདི་ལ་རྒྱ་ཆེའི་མི་མང་གིས་མི་སྣ་སོ་སོའི་ལོ་རྒྱུས་ལ་གཟིགས་དགོས་པ་ལས། མཚན་ཐོ་གོ་རིམ་ཙམ་ལ་མི་གཟིགས་པ་ཞུ་རྒྱུ་དང། ཁྱད་པར་ཚོགས་ཞུགས་པ་རྣམས་ཀྱིས་གཏན་འབེབས་ལྟར་དགོངས་པ་ཞུ་མཁན་དང། སོ་སོ་ལོ་རྒྱུས་མ་སྤྲད་པ་མ་གཏོགས་གང་བསྣམས་ཡོང་བ་རྣམས་བཏོན་པ་ཡིན་པས་འདེམས་སྒྲུབ་ག་འདྲ་བྱེད་མིན་མི་མང་གིས་ནན་ཏན་གཟིགས་རོགས་ཞུ་རྒྱུ་ཡིན་ཞེས་འཁོད་འདུག
སྤྱིར་མདོ་སྟོད་དང་བླངས་འོས་གཞི་བསྡུ་རུག་ཚོགས་པ་ཟེར་བ་དང་བླངས་ཀྱིས་བཙུགས་པ་དེ་ལ་མདོ་སྟོད་མི་སྣ་སྟོང་ཕྲག་གིས་རྒྱབ་སྐྱོར་ཡོད་སྐོར་བརྗོད་སོང་ལ། མ་འོངས་པར་ལས་གཞི་འདི་འདྲའི་སྐབས་སུ་ལས་འགུལ་མུ་མཐུད་སྤེལ་འཆར་ཡོད་སྐོར་འགྲེལ་བརྗོད་གནང་སོང།།

{jcomments on}

Share this:
༧༨ ཀློག་གྲངས།