གྲོགས་པོའི་ཉིན་མོ།

དྲ་གྲོགས་རྣམ་པས་མཁྱེན་གསལ་བཞིན། སྤྱི་ལོ་ ༡༩༣༥ ལོར་ཨ་རིའི་གཞུང་གིས་ཕྱི་ཟླ་ ༨ པའི་ཚེས་དང་པོ་ཉིན་མི་ཞིག་བསད་པ་རེད། མི་དེ་བསད་པའི་ཕྱི་ཉིན་དེར་ཁོའི་གྲོགས་པོ་ཞིག་གིས་གྲོགས་པོའི་དྲན་གསོ་ཆེད་དུ་རང་སྲོག་བཅད། དེ་ནས་བཟུང་ཨ་རི་གཞུང་གིས་ཕྱི་ཟླ་ ༨ པའི་ཚེས་གཅིག་དེ་གྲོགས་པོའི་མཛའ་བརྩེ་མཚོན་པའི་ཉིན་མོ་ཞིག་ཏུ་གསལ་བསྒྲགས་བྱས། དེར་བརྟེན་དེ་རིང་གི་ཉིན་མོ་འདིར་ང་ཚོས་རང་གི་སྙིང་ཉེ་བའི་གྲོགས་ཕོ་མོ་རྣམས་ལ་ཆེད་མངགས་ཀྱིས་དྲན་གསོའི་འཚམས་འདྲི་ཞུ་བཞིན་ཡོད་པས་དྲ་གྲོགས་རྣམས་ལའང་བཅོས་མིན་གྱི་འཚམས་འདྲི་ཞུ།

Share this:
༡༢༡ ཀློག་གྲངས།