བོད་ཨ་མདོ་རྨེའུ་རུ་མ་རུ་རང་སྲེག་རྒྱ་རྒོལ།

ཟླ་འདིའི་ཚེས་༧ ཉིན་ཨ་མདོ་རྔ་བའི་འབྲོག་སྡེ་རྨེའུ་རུ་མའི་རུ་ཆེན་ལྔ་པའི་ཚེ་ཁོ་(ཡོངས་གྲགས་ཀྱི་མིང་ནི་ཚེ་ཁོ་སྟུག་ཆགས་)ལགས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་ནག་གིས་བོད་དབང་བསྒྱུར་ལ་ངོ་རྒོལ་བྱས་ཡོད་འདུག

ཨོ་སི་ཁྲི་ལི་ཡར་གནས་སྡོད་རྨེའུ་དཀོན་རྒྱམ་གྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཚེ་ཁོ་ཡིས་རྒྱ་གཞུང་གིས་བོད་དང་བོད་མིའི་ཐོག་ལ་འཛིན་པའི་སྲིད་བྱུས་ཀྱི་གཉའ་ནོན་བཙན་པོ་ལ་ཞི་རྒོལ་བྱས་ཡོད་པ་མ་ཟད། ཁོང་དེ་མ་ཐག་ནས་སྐུ་གྲོངས་ཡོད་འདུག ཁོང་གིས་ཞི་རྒོལ་གནང་ཡུལ་རྨེའུ་རུ་མའི་ཡུལ་ཚོའི་ཐོག་ཡིན་ཞིང་། ཁོང་ཕལ་ཆེར་ལོ་བཞི་བཅུའི་སྟོད་ཡིན་འདུག ཁོང་ལ་ཨ་མ་གཅིག་དང་སྐྱེས་སྨན། ཕྲུ་གུ་བུ་མོ་གཉིས་ཡོད་འདུག ཡུལ་མིས་འགྲེལ་བརྗོད་བྱས་ན་དུས་རྒྱུན་བོད་དོན་ལ་སེམས་ཤུགས་ཡོད་མཁན་ཞིག་ཡིན་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༡༠༤ ཀློག་གྲངས།