ས་བྱི་ཞི་རྒོལ་ཆེན་མོའི་བྱུང་བ་དྲན་གསོ།

ཟླ་འདིའི་ཚེས་༡༣ ཉིན་གྱི་དགོང་མོར་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭའི་ནང་དུ་བོད་ཀྱི་ས་བྱི་ཞི་རྒོལ་ཆེན་མོའི་བྱུང་བ་དྲན་གསོ་ཞེས་པའི་བརྗོད་གཞིའི་ཐོག གཏམ་བཤད་ཅིག་གོ་སྒྲིག་བྱས་ཡོད་པ་རེད།

གཏམ་བཤད་དེ་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞོན་ནུ་ལྷན་ཚོགས་དང་། བུད་མེད་ལྷན་ཚོགས། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་གོ་སྒྲིག་བྱས་ཡོད་པ་དང་། གཏམ་བཤད་མཁན་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་འགན་འཛིན་བསྟན་འཛིན་དཔལ་སྒྲོན་གཉིས་ཡིན་པ་རེད།

བོད་ཀྱི་ས་བྱི་ཞི་རྒོལ་ཆེན་མོ་ནི་༢༠༠༨ ལོའི་གསུམ་བཅུའི་དུས་དྲན་ཉིན་ལྷ་ས་ནས་འགོ་བཙུགས་ཏེ། བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་ནས་རྒྱ་ནག་གིས་བོད་ལ་བཙན་འཛུལ་དབང་བསྒྱུར་བྱས་པར་ངོ་རྒོལ་ཤུགས་ཆེ་ཤོས་དེ་བྱུང་ནས་ལོ་བཅུ་འཁོར་ཡོད་པ་རེད། །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༣༣༡ ཀློག་གྲངས།