༧གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་བླ་མེད་འོག་མ་འོངས་བཀའ་བློན་ཁྲི་པའི་ལས་འཆར།

dolma2-august12འཚོ་བའི་དཀའ་ངལ་གྱི་རྐྱེན་པས། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དངུལ་འབོར་མང་དག་ཅིག་འགྲོ་སོང་བཏང་བྱས་འགྲོ་དང་བསྐྱོད་མུས་ཡིན་པ་དེའི་ཐད། ས་གནས་གཞིས་ཆགས་ཁག་ནས་གཞིས་མི་དང་ལྷག་པར་གཞོན་སྐྱེས་མང་དག་ཇེ་ཉུང་དུ་འགྲོ་བཞིན་པའི་དུས་འདིར། ལོ་མང་ནས་གུས་པས་བློ་འཚབ་ཆེན་པོ་སྐྱེ་བཞིན་པ་དེར། ད་ལམ་བོད་མི་མང་ནས་འོས་འདེམས་བྱེད་པའི་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་འོས་གཞི་མང་དག་ཅིག་ཐོན་ཡོད་ནའང་། དེའི་ནང་ནས་གུས་པས་སོ་སོའི་རིག་པའི་རྣམ་དཔྱོད་ཀྱིས་རྟོགས་ཞིབ་ཕྲ་མོ་བྱས་མཐར། ཅི་བསམ་ཅི་འོས་འཚམ་པའི་བཀའ་ཁྲིའི་འོས་མི་དེ། བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཞོན་ལས་ཐོག་པ་རྒྱ་རི་སྒྲོལ་མ་ལས་ལྷག་ད་ལམ་གང་ཅིའི་ཐད་འོས་ཤིང་འཚམ་པ་མི་འདུག་པས་དེར། གུས་པས་མཇར་བཅར་སྐབས་ཞུས་དོན་གཙོ་བོ།་སྤྱིར་བོད་མི་མང་གི་བདེ་སྡུག་དཀའ་ངལ་ལས་སེལ་ཐབས་གནང་གི་ཡོད་རུང་།
དེའི་ནང་ནས་གལ་གནད་ཆེ་བ་ཞིག་ལ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དུས་བཀག་ངལ་རྩོལ་གྱི་ལས་དེ་འདྲ་རྒྱལ་ཁབ་མང་པོ་ཞིག་ལ་རག་པ་ནང་བཞིན། ང་ཚོ་བོད་མི་མང་པོ་ཞིག་ལ་རེ་མོས་ལྟར་གོ་སྐབས་བྱུང་བ་དང། ལས་མཚམས་བཞག་རྗེས་ཚུར་ལོག་ཡོང་བ་ཡིན་ན། སོ་སོའི་ཆོས་དང་རིག་གཞུང་མི་ཉམས་པ་དང་། ནང་མི་ཁ་བྲལ་དུ་མ་སོང་བ། བོད་གཞུང་དང་གཞུང་མ་ཡིན་པའི་ཚོགས་སྡེ་ཁག་སྲ་བརྟན་ཐུབ་རྒྱུ་དང། རང་ཉིད་ཀྱང་མི་འཁྱམས་ལྟ་བུར་གནས་སྤོ་བྱ་མི་དགོས་པར་ཕྱོགས་གང་ཅི་ནས་སྲུང་སྐྱོབ་ཡག་པོ་ཡོང་ངེས་དང། དེ་ལྟར་མ་བྱུང་ན་སུད་ཚོང་དང་ཟོག་གི་ཚོང་རྐྱང་པ་གནང་བྱས་ལམ་མ་ཕྱིན་ནས་གྱོང་གུན་ཕོག་པ་ཡིན་ན། བུ་ལོན་འོག་ཏུ་གནས་རྒྱུ་ཉག་གཅིག་ཡིན་པའི་རེ་དོན། རྒྱ་རི་སྒྲོལ་མ་ལགས་སུ་ཞུས་པས།

ཁོང་གིས་ཀྱང་དགོངས་གཞི་དེ་བས་རྒྱ་ཆེ་བ་འདུག་པས་མ་ཚད། བཀའ་འདྲི་ཞུས་པའི་དགོངས་གཞི་ཕྱོགས་དོན་ཟུར་ཙམ་བཀོད་པ་ལ་ཁྱེད་རང་ནས་བཀའ་བློན་ཁྲི་པའི་འོས་འདེམས་བྱུང་བ་ཡིན་ན་མ་འོངས་དགོངས་གཞི་ཇི་ལྟར་ཡོད་མེད་ཞུས་པར།
རྒྱ་རི་སྒྲོལ་མ་ལགས་ནས།
༡༽ སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བླ་མེད་ཀྱི་མཐུས་ལྷག་བསམ་རྣམ་དག་གི་སྒོ་ནས་ངོ་ལྐོག་རྒྱབ་མདུན་མེད་པར་གཞུང་དང་མི་མང་ལ་རང་ནུས་ཅི་ཡོད་ཀྱི་ཞབས་འདེགས་ཞུ་རྒྱུ་ཡིན།
༢༽ གཞིས་ལུས་མི་མང་གི་མངོན་འདོད་བཞིན་བོད་མི་ས་ཡ་དྲུག་ལ་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱིས་རང་དབང་ཡོད་པ་དང། མནར་གཅོད་ཚད་མེད་འོག་མྱོང་བཞིན་པ་དེ་ལས་གྲོལ་ཐབས་དང། བོད་འདི་ཞི་བདེའི་བསྟི་གནས་ཞིག་ཏུ་བསྐྲུན་ཐབས་བྱ་རྒྱུ་ཡིན།
༣༽ བཙན་བྱོལ་ཁྲོད་ཡོད་པའི་མི་མང་དཀའ་ངལ་ཅན་དང་གཞོན་སྐྱེས་ལས་མེད་ཚོར། སྒོར་འབུམ་ཕྲག་གིས་འགྲོ་སོང་གཏོང་མི་དགོས་པ་དང་། ཕ་མ་གཉེན་སྤུན་ཡ་བྲལ་དུ་འགྲོ་མི་དགོས་པ། ཕྱིའི་རྒྱལ་ཁབ་ཁག་ཏུ་ཕར་འགྲོ་ཚུར་འོང་གི་དུས་ཚོད་རྒྱས་བཅད་ཐོག་ཕྱིན་སར་ཕྱིན་ལོག་སར་ལོག་ནས་འཚོ་བའི་དཀའ་སེལ་གྱིས་དཔལ་འབྱོར་གསོག་བསྒྲུབ་བྱ་རྒྱུ་བཅས་ཀྱི་མདུན་ལམ་འཚོལ་བསྒྲུབ་ཤུགས་ཆེ་བྱ་རྒྱུ་ཡིན།

༤༽ དཔེ་མཚོན་ཙམ་ཞུས་ན། དེ་སྔོན་ཕྱི་རྒྱལ་ཡུལ་ཁག་ཏུ་གུས་མོ་ཕྱོགས་བསྐྱོད་སྐབས་ཕྱི་རྒྱལ་ལུང་པ་ཞིག་གི་ནང་ཤིང་ཏོག་ཀུ་ཤུའི་དུས་ཚོད་ཀྱི་ལས་ཀ་བྱ་རྒྱུའི་གོ་སྐབས་རག་གིི་འདུག་པས། ལུང་པ་དེའི་ཀུ་ཤུའི་དུས་ཚོད་ཀྱི་ལས་མི་རྣམས་ལུང་པ་གཞན་ནས་གླ་ཡི་འདུག་པར་བརྟེན་གུས་མོས་རྒྱལ་ཁབ་དེའི་འབྲེལ་ཡོད་དཔོན་རིགས་ཞིག་དང་མཇལ་འཕྲད་བྱུང་སྐབས། གུས་མོས་རེ་འདུན་ཞིག་ཞུས་པར་ང་ཚོ་བོད་མི་སྐྱབས་བཅོལ་པར་ལས་ཀ་འདི་གྲས་བྱ་རྒྱུ་ཡིན་ན། ཁྱེད་ནས་ང་ཚོའི་བོད་མི་ཚོར་ལས་ཀ་འདི་དག་བྱ་རྒྱུར་མོས་མཐུན་གོ་སྐབས་གནང་རོགས་ཞུས་པས་ཁོང་གི་ངོས་ལེན་ཐོག་འགྲིགས་ཀྱི་རེད་ཅེས་གསུངས་བྱུང། ཁྱེད་རང་བོད་པ་ཚོས་ལས་ཀ་འདི་འདྲ་བྱེད་ཀྱི་རེད་དམ་ཞེས་བཀའ་འདྲི་གནང་བྱུང། གུས་མོས་ཀྱང་བྱེད་ཀྱི་རེད་ཅེས་ཞུས་པ་ཡིན། མདོར་བསྡུས་ན། ལས་ཀ་དེར་ཕར་ཚུར་ལམ་གྲོན་ཕུད་ནས་ཟླ་བ་གསུམ་མམ་བཞི་ཙམ་གྱི་རིང་ལ་ཧིན་སྒོར་འབུམ་བཞི་ལྷག་ཙམ་ཐོབ་ཀྱི་འདུག་པས། ལས་དོན་དེར་གུས་མོས་འབད་བརྩོན་བྱེད་བཞིན་ཡོད། དེ་མ་ཡིན་པའི་སྤྱི་སྒེར་ལས་དོན་འབྲེལ་ཡོད་ཅི་འདྲ་ཞིག་ཡིན་རུང་། གུས་མོས་འབད་བརྩོན་ལྷོད་མེད་དུ་བྱེད་ཀྱི་ཡིན་པས་མ་ཚད། ཁྱེད་ཀྱི་ལོ་མང་གི་བསམ་ཚུལ་དང་གུས་མོའི་འཆར་གཞི་བརྟན་པོ་དེ་ལག་ལེན་གང་ཐུབ་འཁེལ་རྒྱུའི་ཞལ་བཞེས་སྨོས་མེད་ཀྱིས་དེ་ལྟར་བོད་པའི་སྤྱི་ཚོགས་ནང་དཔལ་འབྱོར་ཡར་རྒྱས་བྱུང་བ་ཡིན་ན། སོ་སོའི་རྒྱལ་ཁབ་དང་མི་རིགས། ཆོས་དང་རིག་གཞུང། མི་མང་གི་ཤེས་པའི་ནུས་ཚད་དེ་བས་ཀྱང་མཐོ་རུ་འགྲོ་རྒྱུའི་ངེས་རྙེད་གཏན་འཁེལ་ལ་སོང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ཐུགས་ལ་འཇགས་པའི་རེ་བ་ཞུ་བཞིན་ཡོད།

 

གུས་ལ་དྭགས་གནས་སྡོད་བཀྲ་ཤིས་སྟོབས་རྒྱལ་གཙོ་བོར་གྱུར་པའི་བློ་ལྡན་གཟུར་གནས་པ་ཁག་ཅིག་ནས་རྒྱ་ཆེའི་མི་མང་གི་མཁྱེན་རྟོགས་ཆེད་དུ་དཔྱད་ཞིབ་ཏུ་ཕུལ།།  (གླ་ཡོད་གསལ་བསྒྲགས།༽

{jcomments on}

Share this:
༨༥ ཀློག་གྲངས།