ཤེས་ཡོན་གྱི་སྐལ་བ་ཤོར།

ཕྱི་གླིང་མཁས་པས་གསར་གཏད་དེ།།
ཁྱོད་ཀྱི་གདོང་ལ་ཡོལ་བ་བཞིན།།
དེང་གི་ཤེས་བྱའི་སྟོན་མོ་དེ།།
ཁྱོད་ཀྱིས་མ་མཐོང་སུ་ཡིས་ལུས།།

ཕན་ཚུན་ཚོང་འབྲེལ་བསྡུར་བ་ལས།།
ཕངས་མེད་དངུལ་སོགས་བསྡུ་རུབ་ཀྱིས།།
ཟས་གོས་སྣ་འཛོམས་སྤྱོད་པ་དེ།།
འབྱོར་ལྡན་གདོད་མའི་གཤིས་སམ་ཅི།།

སྒུར་ནས་ཕྱག་གིས་མགོ་བོ་འཕུར།།
སོ་དཀར་ཁྲོད་ནས་ལྕེ་རྩེ་འབྱིན།།
རེ་བས་ཁོག་པ་གང་བ་དེའང་།།
དབུལ་པོའི་གདོད་མའི་གཤིས་སམ་ཅི།།

སྔོན་བྱོན་འཕགས་བོད་པཎ་ཆེན་དང་།།
དེང་གི་ཡར་ཐོན་དབུ་ཁྲིད་སོགས།།
མ་བཅོས་གདོད་མའི་ཡོན་ཏན་མེད།།
མ་ཞུམ་སྙིང་སྟོབས་ཕྱག་གིས་བཏེགས།།

Share this:
༩༡ ཀློག་གྲངས།