སློབ་མའི་ཨང་རྩིས་རྒྱུགས་འགྲན།

ཚེས་ ༡༩ ཉིན་སྔ་དྲོ་མ་སུ་རི་བོད་ཁྱིམ་ཚོགས་ཁང་ནང་སྐུ་མགྲོན་གཙོ་བོ་རང་གཞུང་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་སྣང་གསལ་མར་མེ་ཕུལ་ཏེ་མཛད་སྒོ་དབུ་འབྱེད་གནང་ཡོད་པ་རེད།
དེ་རྗེས་བོད་ཁྱིམ་དྲུང་ཆེའི་ཕྱག་རོགས་ཀྱིས་མ་སུ་རི་བོད་ཁྱིམ་གྱི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་རྗེས་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བདུན་པ། བརྒྱད་པ། དགུ་པ། བཅུ་པ་བཅས་ཀྱི་སློབ་ཕྲུག་ནས་ཨང་རྩིས་ཐོག་ཚད་མ་རིགས་པའི་ལམ་ནས་རྩོད་འགྲན་བྱས་པ་དང། སྐུ་མགྲོན་གཙོ་བོ་མཆོག་ནས་ང་ཚོས་བྱེད་སྒོ་གང་ཞིག་སྤེལ་ཡང་དེར་གྲུབ་འབྲས་ཡོད་པ་ཞིག་བྱེད་རྒྱུ་གལ་ཆེ་བར་སོང་སློབ་ཕྲུག་ཚོའི་ཨང་རྩིས་ཐོག་ཡར་རྒྱས་ཡོང་རྒྱུའི་ལས་འགུལ་འདི་ལྟ་བུ་བོད་མིའི་སྤྱི་ཚོགས་ནང་ཐེང་དང་པོ་སྤེལ་བར་བསྔགས་བརྗོད་ཡོད་ཅེས་གསུངས་ཡོད་པ་རེད།

དེ་རྗེས་ཉིན་རྒྱབ་སློབ་གྲྭ་ཁག་གི་ཨང་རྩིས་མཐུད་བརྒྱུད་འགྲན་སྡུར་གོ་སྒྲིག་ཞུས་ཏེ་ཨང་དང་པོ་སཱ་ལ་ཁུའེ་བོད་ཁྱིམ་དང། ཨང་གཉིས་པ་རཱ་ཇུ་སྤུར་བོད་ཁྱིམ། ཨང་གསུམ་པ་སྤོན་ཊ་གཏན་སློབ་བཅས་ལ་རྒྱལ་ཁ་ཐོབ་པ་དང༌། ཚེས་༢༠ ཉིན་སྔ་དྲོ་བོད་ཁྱིམ་སློབ་གྲྭའི་རྩིས་རིག་སྡེ་ཚན་ནས་རྩིས་རིག་ཐོག་འགྲེམས་སྟོན་གོ་སྒྲིག་ཞུས་པ་དང་ཉིན་རྒྱབ་གཏམ་བཤད་འགྲན་སྡུར་ཞུས་པར་ཨང་དང་པོ་མ་སུ་རི་བོད་ཁྱིམ། ཨང་གཉིས་པ་སཱ་ལ་ཁུཡེ་བོད་ཁྱིམ། ཨང་གསུམ་པ་རྡ་སྟེང་བོད་ཁྱིམ་བཅས་ལ་རྒྱལ་ཁ་ཐོབ་ཏེ་སྐུ་མགྲོན་གཙོ་བོ་མཆོག་ནས་གཟེངས་བསྟོད་ཕྱག་འཁྱེར་དང་ཁུངས་སོ་སོར་འཛུལ་ཞུགས་ཕྱག་འཁྱེར་གནང་བ་དང། རྩིས་རིག་དང་འབྲེལ་བའི་དམིགས་བསལ་ལས་རིམ་འདྲ་མིན་རྣམས་ཚང་མ་ཞེ་དྲག་ཡག་པོ་འདུག་འདི་ལྟ་བུས་ཕན་པ་ཡོང་ངེས་འདུག་ཅེས་བསྔགས་བརྗོད་གནང་བ་དང། དགེ་སློབ་ཡོངས་ལ་ལམ་སྟོན་གསུང་བཤད་གནང་ཡོད་པ་རེད།།

{jcomments on}

Share this:
༤༡ ཀློག་གྲངས།