འདི་ལོའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་མཇུག་བསྡོམས།

ཟླ་འདིའི་ཚེས་༡༡ ཉིན་དགེ་ལྡན་ལུགས་བཟང་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་དབུ་འབྱེད་མཛད་སྒོ་གདན་ས་ཆེན་མོ་དགའ་ལྡན་བླ་སྤྱིའི་འདུ་ཁང་ནང་དུ་འཚོགས་པ་དང་། མཛད་སྒོའི་ཐོག་དགའ་ལྡན་ཤར་བྱང་གི་མཁན་རིན་པོ་ཆེ་རྣམ་གཉིས་གཙོས་གྲྭ་ཚང་ཁག་གི་མཁན་པོ་དང་མཁན་ཚབ་རྣམ་པ། དེ་བཞིན་རྒྱུགས་ཞིབ་པ་དང་རྒྱུགས་སྤྲོད་པ་ཡོངས་མཉམ་འཛོམས་ཐོག་མཁན་པོ་དང་མཁན་ཚབ་རྣམས་ཀྱིས་རིམ་བཞིན་ལམ་སྟོན་གསུང་བཤད་གནང་དོན།

gelukpaདགེ་ལུགས་རྒྱུགས་སྤྲོད་ཆེན་མོ་འདི་༧གོང་ས་སྐྱབས་མགོན་མཆོག་གི་དགོངས་གཞི་གཞིར་བཟུང་ཐོག་ཕྱི་ལོ་༡༩༧༥ ནས་དངོས་སུ་སྒྲིག་གཞི་གཏན་འབེབས་ལག་བསྟར་བྱས་པ་ཞིག་ཡིན་པས། རྒྱུགས་ཞིབ་པ་དང་རྒྱུགས་སྤྲོད་པ་རྣམ་པ་ལྷན་རྒྱུས་ཀྱི་དགོངས་མངའ་བཞིན་རྒྱུགས་སྤྲོད་སྐབས་སུ་ཐུགས་ལྷོད་ཡང་དུ་མ་སོང་བར་རྩོད་རྒྱུགས་དང་རྩོམ་རྒྱུག་བྲིས་རྒྱུགས་སོགས་ཕྱོགས་གང་ཐད་ནས་མཐུས་ཤོར་དང་ཆུད་ཟོས་སུ་མི་འགྲོ་བར་གཟབ་ནན་གྱི་སྒོ་ནས་རྒྱུགས་འབྲས་ཡག་པོ་ཞིག་ལེན་ཐབས་ལ་འབད་རྩོན་བྱེད་དགོས་པ་དང་རྒྱུགས་ཞིབ་པའི་ངོས་ནས་ཀྱང་བརྒྱ་ཆ་ཇི་ཐོབ་གནད་ཕིགས་པ་ཞིག་གསོལ་རྩོལ་སྐྱབས་འཇུག་མི་དམན་པ་ཞུ་བ་སོགས་མདོར་ན་བསྟན་དོན་ལ་དགོངས་ཏེ་ཤིན་ཏུ་གལ་གནད་ཆེ་བའི་རྒྱུགས་སྤྲོད་འདི་ཉིད་ཚགས་ཚུད་ལེགས་འགྲུབ་ཡོངས་བར་དགོངས་བཞེས་ལྷུག་པོར་གནང་རྒྱུ་དང་། ལྷག་པར་རྒྱུགས་སྤྲོད་པ་ཡོངས་ནས་གང་ནས་རྣམ་དཔྱོད་ཀྱིས་རྩལ་ལས་བརྒྱ་ཆའི་གྲུབ་འབྲས་ཚད་དང་ལྡན་པ་ཞིག་ཡོང་བའི་རེ་སྐུལ་ཞུས་སོང་ལ། དེ་ཡང་དངོས་གཞིས་རྒྱུགས་སྤྲོད་དེ་ཚེས་༡༢ ནས་༢༧ བར་རྒྱུགས་རྩལ་བླངས་ཡོད་པ་རེད།

ཚེས་༢༨ ཉིན་མཇུགས་བསྡོམས་གསུང་བཤད་ཀྱི་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་།  དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་རྒྱུགས་སྤྲོད་པ་ཡོངས་ཀྱི་རྒྱུགས་འབྲས་ཀྱི་བརྒྱ་ཆ་ཇི་ཐོབ་ད་ཆ་གསལ་བསྒྲགས་བྱས་མེད་པ་དང། སྟབས་ལེགས་པ་ཞིག་ལ་ལོ་སྔོན་མ་རྣམས་དང་མི་འདྲ་བར་ད་ལོ་རྒྱུགས་སྤྲོད་པ་རྣམས་ཀྱི་སྐུ་གཟུགས་བདེ་མིན་སོགས་མི་འདོད་པའི་འགལ་རྐྱེན་གང་ཡང་མ་བྱུང་བའི་ཐོག་ནས་རྒྱུགས་སྤྲོད་ཆ་ཚང་ལེགས་གྲུབ་བྱུང་ཡོད་འདུག དེ་བཞིན་ད་ལན་གྱི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ་རྭ་སྟོད་བཅས་ནས་དགེ་འདུན་པ་ཞལ་གྲངས་༥༦༧ རྒྱུགས་ཞུགས་གནང་ཡོད་འདུག

ལོ་སྔོན་མའི་དགེ་ལུགས་རྒྱུགས་སྤྲོད་དེ་སེ་ར་རུ་འཚོགས་ཡོད་པ་དང་། ལོ་རྗེས་མ་འབྲས་སྤུངས་སུ་འཚོགས་གཏན་འཁེལ་འདུག ད་ལན་གདན་ས་ཆེན་མོ་དགའ་ལྡན་དུ་འཚོགས་ཡོད་པའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་རྒྱལ་ཁའི་ངང་མཇུག་གྲོལ་ཡོད་པ་རེད།
མོན་གྷོ་གསལ་འགོད་པས།

{jcomments on}

Share this:
༡༤༨ ཀློག་གྲངས།