རྨ་ཆུའི་མུ་ར་དགོན་པའི་དགེ་འདུན་པ་གསུང་རབ་འཇུ་བཟུང།

songrab1ཕྱི་ལོ་༢༠༡༠ ལོའི་ཟླ་༣ པའི་ཚེས་༢༥ ཉིན་ཐེངས་གསུམ་པར་རྒྱ་ནག་གི་ཉེན་རྟོག་པས་ཀན་ལྷོ་རྨ་ཆུ་ནས་འཛིན་བཟུང་བྱས་ཏེ་ད་དུང་ཡང་ཐག་གཅོད་གློད་གྲོལ་བཏང་མེད་པ་མ་ཟད། ཕྱི་ལོ་༢༠༠༨ ལོའི་རྨ་ཆུའི་བོད་མི་ཚོའི་ཞི་བའི་གྱེན་ལངས་ཀྱི་ལས་འགུལ་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་དང་འདྲི་རྩད་འདྲ་མིན་བྱེད་བཞིན་མུ་མཐུད་ཀན་ལྷོ་གཙོས་གྲོང་ཁྱེར་ན་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ནས་མནར་གཅོད་མྱོང་བཞིན་ཡོད་ཅེས་ཁ་བརྡ་དྲ་བས་གནས་ཚུལ་སྤེལ་འདུག །

གྲྭ་གསུང་རབ་ཀྱིས་དེ་སྔོན་རེ་བའི་རྐང་ལམ་ཚགས་པར་གྱི་རྩོམ་སྒྲིག་མི་སྣ་དང། བོད་ཨ་མའི་རང་སྐད་སླར་གསོ་ཚོགས་པའི་ཚོགས་མི། རྩྭ་ཐང་བོད་ཡིག་རྨོངས་སེལ་སློབ་གྲྭའི་རྐང་འཛིན་དགེ་རྒན་བཅས་གནང་མྱོང་ཡོད་པ་རེད་འདུག །

{jcomments on}

Share this:
༨༡ ཀློག་གྲངས།