སུད་སི་གཞུང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ།

ཟླ་འདིའི་ཚེས་༦ ཉིན་ཏེ། ༧གོང་ས་མཆོག་གི་འཁྲུངས་སྐར་ཉིན། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མིང་མང་གི་ཁྱབ་ཁོངས་མངའ་སྡེ་ཤལ་ཧོ་སན་ས་གནས་སུ། ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་རྒྱ་རྡོ་རིན་ཆེན་དང་རྒྱུན་ལས་རྣམས་ཀྱི་གོ་སྒྲིག་འོག སུད་སི་མངའ་སྡེ་དེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་འཚོགས་ཡོད་པ་རེད།

དེར་སྐུ་མགྲོན་གཙོ་བོ་སུད་སི་མངའ་སྡེ་ནང་གསེས་བློན་ཆེན་Mr Walter Volgelsanger, དང་། མངའ་སྡེ་རིགས་གཞུང་འགན་འཛིན། ས་ཁུལ་སོ་སོའི་གྲོང་སྡེ་ཁག་ཉི་ཤུ་རྩ་དྲུག་གི་གྲོང་སྡེ་དཔོན་པོ་རྣམས་དང་། རྒྱ་བཀྲམ་དམར་པོའི་ཚོགས་པའི་འགོ་འཛིན། མངའ་སྡེ་སྣེ་ལེན་ཁང་གནད་ཡོན་འགན་འཛིན། གཞན་ཡང་། བཙན་བྱོལ་བོད་གཞུང་གི་ཆོས་རིགས་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས། ཡུ་རོབ་བོད་མི་མང་སྤྱི་འཐུས་བསམ་མདོ་བྱམས་པ་ཚེ་རིང་། སུད་སི་དོན་གཅོད་དངོས་གྲུབ་རྡོ་རྗེ། སུད་སི་བོད་རིགས་མི་མང་ཚོགས་གཞོན་ཆོས་བྱམས་པ་ཕུན་ཚོགས། རི་ཀོན་མཁན་པོ་ཐུབ་བསྟན་ལེགས་སྨོན་བཅས་དང་། ས་གནས་གནད་ཡོད་མི་སྣ་བརྒྱད་བཅུ་ལྷག་ལྷན་འཛོམས་བྱུང་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༢༩༧ ཀློག་གྲངས།