བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་མཇུག་བསྡོམས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག དཔལ་ལྡན་བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་མཆོག་དང་། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་བཅས་ཀྱིས་སྤོས་སྣེ་སྤྱན་རྒྱ་དང་བཅས་གདན་འདྲེན་ཞུས་ནས་གསེར་ཁྲིར་ཞབས་སོར་འཁོད་པ་དང་། རོལ་དབྱངས་དང་བཅས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་གྲུབ་རྗེས། བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་མཇུག་བསྡོམས་དང་འབྲེལ་བའི་གསུང་བཤད་གནང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་བའི་རྗེས་སུ། ༧སྤྱི་ནོར་༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གསུང་གི་བདུད་རྩི་སྤྱི་སྩལ་བྱུང་ཡོད་པ་རེད།

tsog_2ཚོགས་འདུ་དེའི་མཇུག་བསྡོམས་སྙན་ཐོའི་ནང་༧གོང་ས་མཆོག་གིས་ཕྱེད་བགྲེས་ཡོལ་གྱི་དགོངས་བཞེས་རྩ་བ་ཉིད་ནས་མི་གནང་བའི་གསོལ་འདེབས་རྩེ་གཅིག་ཏུ་ཞུས་པར། ༧གོང་ས་མཆོག་གིས་ཕྱེད་བགྲེས་ཡོལ་གྱི་གནས་སྟངས་དེ་སེམས་ཤུགས་ཆག་ནས་གསུངས་པ་ཞིག་མིན། དགོས་པ་དང་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས་གསུངས་པ་ཞིག་ཡིན་ཚུལ་དང། ཁོང་སྐུ་སྒེར་ལ་མཚོན་ནའང་འགྲོ་བ་མིའི་ཐོབ་ཐང་དགོས་ཚུལ་སོགས་ཀྱང་ཞལ་ཤོབ་དང་སྦྲགས་ནས་གསུངས་སོང་། དེ་བཞིན་ད་ལྟའི་ཆར་བཀའ་བློན་ཁྲི་པ་བྱེད་ཀྱི་མིན་ཟེར་མཁན་དང་། བྱེད་ཀྱི་ཡིན་ཟེར་མཁན་མང་པོ་ཡོད་ས་རེད། དེ་ཚོ་ཡག་པོ་རེད། ཁ་ཤས་ལ་རྒྱལ་བ་རིན་པོ་ཆེས་རྒྱབ་སྐྱོར་ཡོད་པ་རེད་ཟེར་བའི་བཟོ་ལྟ་ཞིག་སྤྱི་ཚོགས་ནང་ཁྱབ་བཞིན་འདུག དེ་བདེན་པ་རྩ་བ་ཉིད་ནས་མ་རེད། ངས་སུ་གཅིག་ལ་རྒྱབ་སྐྱོར་བྱེད་ཀྱི་མེད། རྒྱ་ཆེའི་མི་མང་གིས་བསམ་བློ་བཏང་ནས་དགོངས་པ་བཞེས་དགོས་པ་རེད། མི་མང་གིས་འོས་བླུགས་ནས་ཐོབ་པ་དེ་ལ་རྒྱབ་སྐྱོར་གནང་གི་ཡིན་ཞེས་སོགས་གསུངས་སོང་།
དེའི་རྗེས་སུ་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་ཚོགས་ཆེན་རྒྱལ་ཁའི་ནང་མཇུག་བསྡུས་ཡོད་པ་རེད།།

{jcomments on}

Share this:
༡༩ ཀློག་གྲངས།