༧གོང་ས་མཆོག་ལྷོ་ཕྱོགས་བྷེལ་ཀོབ་ཏུ་ཞབས་སོར་འཁོད་པ།

བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་ཚོགས་ཞུགས་པ་རྣམས་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་གདན་ས་གྲྭ་ཚང་གི་ཁག་གི་མཁན་ལས་ཟུར་དང་དགེ་འདུན་པ་རྣམས་ཀྱིས་ཕེབས་བསུ་དང་འབྲེལ་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་བླ་སྤྱི་རུ་ཞབས་སོར་འཁོད་ཡོད་པ་རེད།

གསོལ་ཇ་འབྲས་སིལ་འདེགས་འབུལ་གྲུབ་པ་དང། ཆུ་ཚོད་༡༡ དང་ཕྱེད་ཀྱི་ཐོག་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཆིབས་བསྒྱུར་ཞབས་སོར་འཁོད། སེར་སྨད་གཙུག་ལག་ཁང་གི་གསེར་ཁྲི་རིན་པོ་ཆེར་ཞབས་སོར་འཁོད་པ་དང་། སེར་སྨད་མཁན་རིན་པོ་ཆེ་མཆོག་ནས་༧གོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་སོགས་༧གོང་ས་མཆོག་སེ་ར་ཐེག་ཆེན་གླིང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཟིན་པ་དང་། ཕྱི་ཟླ་༩ ཚེས་༡ ཉིན་གྱི་ཞོགས་པ་༧གོང་ས་མཆོག་གིས་མི་མང་ལ་ཚེ་དབང་དང་། དེའི་རྗེས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འགན་ཁུར་ནས་༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་འདེགས་འབུལ་ཞུ་རྒྱུ་ཡིན་པ་དང་། ཕྱི་ཚེས་༢ ཉིན་མང་གཙོ་དབུ་བརྙེས་ནས་མི་ལོ་༥༠ ཧྲིལ་པོ་འཁོར་བའི་དུས་དྲན་གྱི་མཛད་སྒོ་དང་༧གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་འབུལ་བཞེས་གནང་རྒྱུ་ཡིན་འདུག།

{jcomments on}

Share this:
༥༡ ཀློག་གྲངས།