ཆོས་རྒྱལ་ནམ་མཁའི་ནོར་བུ་ད་ལྟ་གཤེགས་མི་འདུག

ཆོས་རྒྱལ་ནམ་མཁའི་ནོར་བུ་ད་ལྟ་གཤེགས་མེད་འདུག་རུང་། སྙུང་གཞི་ཧ་ཅང་ཛ་དྲག་རེད་འདུག་ཟེར།

ཟླ་འདིའི་ཕྱི་ཚེས་༡༧ ཉིན་ཕྱི་དྲོའི་ཆུ་ཚོད་༥ དང་སྐར་མ་༡༡ ཐོག་འདི་གའི་གསར་འགོད་པས་སུད་སི་གནས་བཞུགས་ནམ་མཁའ་རིན་པོ་ཆེར། མཁས་དབང་ནམ་མཁའི་ནོར་བུ་རིན་པོ་ཆེ་སྐུ་གཤེགས་ཡོད་སྐོར་གྱི་གནས་ཚུལ་དྲ་ལམ་ཁག་ཏུ་ཁྱབ་བཞིན་པ་དང་བསྟུན་ནས་དེའི་སྐོར་བཀའ་འདྲི་ཞུས་པར། ཁོང་ད་ལྟ་ནམ་མཁའི་ནོར་བུ་རིན་པོ་ཆེའི་དྲུང་དུ་ཡོད་པ་དང་། སྐུ་འཚོ་བཞུགས་གནང་ཡོད་སྐོར་གསུངས་སོང་།

གཞན་ཡང་ཁོང་གིས་ད་ལྟའི་ཆར་རིན་པོ་ཆེའི་སྙུང་གཞི་ཧ་ཅང་ཛ་དྲག་ཡིན་སྟབས། སྐུའི་གནས་བབ་ལ་གཞིགས་ན་སྐུ་འཚོ་བཞུགས་གནང་ཐུབ་རྒྱུ་ཁག་པོ་ཡིན་སྐོར་ཡང་གསུངས་བྱུང་། །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།

Share this:
༡༢༣༧ ཀློག་གྲངས།