བྱང་ཨ་རིའི་ཁུལ་དུ་སྤྱི་འཐུས་ཀྱི་ས་ཁོངས་སྤར་བ།

དེའི་སྐོར་ལ་ཨ་རིའི་སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས་ནས་ཤར་ཨ་རི་ཁུལ་དུ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཅིག་དང་། (ཤར་ཨ་རི་ནི་ཨ་རིའི་མངའ་སྡེ་མི་ནི་སོ་ཊ་གཙོས་པའི་ཤར་ལྷོའི་མངའ་སྡེ་ཡོངས་རྫོགས་སུ་གཏོགས)ནུབ་ཨ་རི་དང་། ཁེ་ན་ཌ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཅིག་ཅེས། ཨ་རིའི་ཤར་ནུབ་ཀྱི་དབྱེ་བ་ཕྱེ་དགོས་པའི་བཟོ་བཅོས་གྲོས་འཆར་ཞིག་ཕུལ་སོང་ཡང་། རྒྱབ་སྐྱོར་མ་ཐོབ་པར་གོང་དུ་བཀོད་པ་བཞིན་བྱང་ཨ་རིའི་ཁུལ་དུ་སྔར་ཡོད་སྤྱི་འཐུས་ཀྱི་ས་མིག་གཅིག་གི་ཐོག་སླར་ཡང་ས་གཅིག་བསྣན་ནས་སྤྱི་འཐུས་གཉིས་ཀྱི་ས་མིག་བཟོས་ཡོད་པ་ལས། ད་ཡོད་ཨ་རིའི་སྤྱི་འཐུས་ཀྱི་དགོངས་ཚུལ་ལྟར་ཤར་ནུབ་ཀྱི་དབྱེ་བ་ལོགས་སུ་ཕྱེ་མེད་པ་རེད།།

{jcomments on}

Share this:
༣༢ ཀློག་གྲངས།