༧རྒྱལ་དབང་ཀརྨ་པ་མཆོག་གིས་ཌོ་མི་ནི་ཁའི་ཕྱི་བསྐྱོད་ལག་ཁྱེར་བཞེས་ཡོད་འདུག

ཟླ་༡༠ པའི་ཚེས་༣ ཉིན་རྒྱ་གར་གྱི་གསར་ཁང་ཧིན་རྡུའི་དྲ་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན།  རྒྱ་གར་དབུས་གཞུང་གི་མཐོ་རིམ་དཔོན་རིགས་ཤིག་གིས་གསར་ཁང་དེར། ༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཆིབས་བསྒྱུར་བསྐྱང་རྒྱུ་སྟབས་བདེ་པོ་ཡོང་ཆེད། ཌོ་མི་ནི་ཁ་(Dominica)ཡི་ཕྱི་བསྐྱོད་ལག་ཁྱེར་བཞེས་ཡོད་སྐོར་བརྗོད་འདུག

རྒྱ་གར་དབུས་གཞུང་ལ་བོད་དོན་ཐད་སློབ་སྟོན་པ་ཟུར་པ་ཨཱ་མི་ཏ་མཱ་ཐུར་གྱིས།  ཕྱིའི་རྒྱལ་ཁབ་གཅིག་གི་ཕྱི་བསྐྱོད་ལག་ཁྱེར་བཞེས་པ་དེ་གལ་ཆེན་གནད་དོན་ཞིག་མིན་པ་དང་། དེ་ནི་ཆིབས་བསྒྱུར་སྟབས་བདེ་ཡོང་ཆེད་ཡིན་པས། ༧རྒྱལ་དབང་མཆོག་གི་ཆེ་མཐོང་དང་ཁོང་གི་བོད་མིའི་ངོ་བོ་མེད་པ་ཆགས་ཀྱི་མེད་སྐོར་བརྗོད་འདུག

རྒྱ་གར་གྱི་བརྒྱུད་ལམ་གཞན་ཁག་ཅིག་ཏུ། ༧རྒྱལ་དབང་མཆོག་གིས་ཌོ་མི་ནི་ཁན་སྤྱི་མཐུན་རྒྱལ་ཁབ་(Dominican Republic)ཀྱི་ཕྱི་བསྐྱོད་ལག་ཁྱེར་བཞེས་ཡོད་སྐོར་བྲིས་པ་ཡང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༤ ཀློག་གྲངས།