མ་ལེ་ཤི་ཡ་རུ་ཡུལ་སྐོར་སྤྲོ་འཆམ་པའི་མཛངས་པ་དང་མཛངས་མའི་འགྲན་སྡུར།

ཟླ་འདིའི་ཚེས་༡ ནས་༢༠༡༨ ལོའི་ཡུལ་སྐོར་སྤྲོ་འཆམ་པའི་འཇིག་རྟེན་མཛངས་པ་དང་མཛངས་མའི་སྐུ་ཚབ་ཀྱི་འགྲན་སྡུར་དེ་མ་ལེ་ཤི་ཡའི་ཀོ་ཏ་ཀེ་ནཱ་བྷ་ལུ་(Kota Kinabalu) གྲོང་འཁྱེར་དུ་འཚོག་བཞིན་ཡོད་པ་དང་། དེའི་ནང་བོད་ཀྱི་བུད་མེད་མེ་ཏོག་ལྷ་མཛེས་མཉམ་ཞུགས་བྱས་ཡོད་པ་རེད།

Mister & Miss Tourism Ambassador Universe 2018

འགྲན་སྡུར་དེའི་ནང་རྒྱལ་ཁབ་༢༩ ཙམ་གྱི་ཕོ་སར་དང་མོ་སར་མཉམ་ཞུགས་བྱས་པའི་ཁྲོད་བོད་མི་མེ་ཏོག་ལྷ་མཛེས་གཅིག་པུ་ཡིན་པ་དང་། མོས་ངོ་དེབ་བརྒྱུད་གསལ་བསྒྲགས་ཤིག་སྤེལ་བའི་ནང་།  ཕྱི་ལོ་༢༠༡༨ ལོའི་རྒྱལ་སྤྱིའི་ཡུལ་བསྐོར་སྤྲོ་འཆམ་ཞེས་པའི་མཛེས་མའི་འགྲན་སྡུར་ནང་དུ་གུས་མོ་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་བྱུང་བས། ངས་རང་ནུས་གང་ཡོད་ཐོག་ཏུ་བོད་ཀྱི་སྐད་དང་ཡི་གེ རིག་གཞུང་ཁྱབ་སྤེལ་བཟོ་བཞིན་ཡོད་ལ། རྒྱལ་སྤྱིའི་སྡིངས་ཆ་འདི་ཚོ་བོད་པར་གལ་ཆེ་སྐོར། བོད་མི་ང་རང་གཅིག་པུ་ཡིན་པས་ཚང་མས་རྒྱབ་སྐྱོར་གནང་རོགས་ཞེས་འཁོད་ཡོད་པ་རེད།

འགྲན་སྡུར་དེ་ཕྱི་ཟླ་༡༠ ཚེས་༡ ནས་འགོ་འཛུགས་བྱས་ཡོད་པ་དང་། སྐབས་དེར་གཏམ་བཤད་དང་དྲི་བ་དྲིས་ལན། གཟུགས་སྤྱད་དང་རྐྱལ་གོས། ཆས་གོས་འདྲ་མིན་གྱོན་པའི་གཟུགས་ངོམ། པར་གྱི་འགྲན་སྡུར་སོགས་བྱེད་ཀྱི་ཡོད་འདུག་ལ། ཚེས་༦ ཉིན་མཐའ་མའི་རྒྱལ་ཕམ་གྱི་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༢༩༢ ཀློག་གྲངས།